ཚོད་ལྟའི་འོས་བསྡུའི་སྐོར།

བོད་ཀྱི་བུད་མེད་ཚོགས་པས་ལྷག་བསམ་དང་། སེམས་ཤུགས་ཆེ་མདོག་གིས་༧རྒྱལ་བའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ནས་བཀའ་ཁྲིའི་ཚོད་ལྟ་འོས་བསྡུ་བྱ་རྒྱུར་འགྲོ་གྲོན་ཆེ་གཏོང་གི་ཚ་ཚ་འུར་འུར་གྱི་འོས་བསྡུད་བྱས་ཡོད། འོན་ཀྱང་འོས་ཀྱི་རྒྱལ་ཁ་སུ་ལ་ཐོབ་ཡོད་མེད་མི་མང་ལ་གསལ་བཤད་གཏན་ནས་བྱས་མེད་མོད། ཡིན་ན་ཡང་གསལ་བཤད་མ་བྱས་པ་དེས་འོས་ཀྱི་རྒྱལ་ཁ་སུས་ཐོབ་པ་དང་སུས་ཤོར་བ་ནི་མི་མང་གི་སེམས་ལ་ཁྲིག་གེར་མངའ་ཡོད་པ་ནི་གདོད་མི་ཟ་ལ་བུད་མེད་ཚོགས་པའི་འགོ་འཁྲིད་པ་པོ་ཚོས་གསང་བའི་ལས་ཀ་དེ་དག་ཆེས་མི་མངོན་པའི་ལྒོག་ཏུ་གྱུར་པ་དེས་བསྒྲུབ་བྱ་དམིགས་ཡུལ་གང་བཟུང་གི་ཡོད་མེད་དང་། དྲང་བདེན་གྱི་བྱ་བཞག་ཇི་ཙམ་ཡིན་མིན་ཡང་འཇིག་རྟེན་ཀུན་གསལ་དུ་གྱུར་འདུག་སྙམ། ཡིན་ནའང་གོང་འཁོད་རྗོད་པ་དེ་དག་ངའི་རྣམ་རྟོག་སྤྲིན་གྱི་མེ་ལོང་ལ་འཆར་ཚུལ་ཙམ་ལས་ཚད་མས་ངེས་བརྙེད་ཀྱིས་མིན་ནོ། །