ཡིད་སྨོན་དང་འཁང་ར།

 

བསམ་གཞིག་ཡངས་པོའི་བགྲོད་ལམ་ཞིག་ནས།།

དཔྱོད་ཤེས་རིག་པའི་མིག་ཟུང་མགྱོགས་པོས།།

རྒྱལ་ཁམས་ཀུན་གྱི་དགའ་ཚལ་འགྲིན་ཉིན།།

རང་བྱུང་དཔལ་ལ་ཡིད་སྨོན་ཤོར་སོང་།།

ཚན་རྩལ་རིག་པའི་གར་སྟོབས་བར་གྱི།།

རྫས་འགྱུར་བུ་མོ་སྒེག་ཉམ་ཆེ་ཡང་།།

ཞི་བདེ་མཛེས་པའི་སྙིང་གི་བུ་ལ།།

གཏན་གྱི་དགའ་མ་ཡོང་ཐབས་མི་འདུག།།

གནའ་དེང་རིག་པའི་འོད་སྣང་ཁྲོད་ནས།།

བློ་གྲོས་བང་རྩལ་རིང་དུ་ལྷོད་པའི།།

མ་འདྲིས་སེམས་ཀྱི་དུང་ཟླ་ལྷ་མོ།།

ལུས་སེམས་བདེ་བའི་དཔལ་ཡོན་བསམ་ན།།

རང་བྱུང་གཙང་མའི་ཞིང་ཁམས་ཤིག་དང་།།

ནང་དོན་རིག་པའི་ཁ་དབུག་དྭངས་མ།།

གོ་ལ་ཟླུམ་པོའི་ཡངས་སྟེང་འདི་ན།།

རྒྱུན་དུ་གནས་པའི་ཐབས་ལ་འབུངས་ཤིག།།