བོད་རྒྱའི་གྲོས་མོལ་བསྐྱར་འཛུགས་དགོས་པའི་རེ་སྐུལ།

ཟླ་འདིའི་ཚེས་༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་དང་རྒྱ་ནག་གཉིས་དབར་གྱི་ལྷན་ཚོགས་སྐབས། རྒྱ་ནག་གི་སྲིད་བློན་ཝུན་ཅའོ་པོ་དང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་མེཀ་མི་ལན་སི་ཀོཊ་སོགས་ཆེས་མཐོའི་དཔོན་རིགས་མང་པོ་ལྷན་འཛོམས་གནང་བ་དང། སྐབས་དེར་ཚོགས་གཞོན་མཆོག་གིས་བོད་ཀྱི་གནད་དོན་སེལ་སླད། རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་དབར། གྲོས་མོལ་འཕྲལ་དུ་བསྐྱར་འཛུགས་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་རེད།

ཡུ་རོབ་སྤྱི་མཐུན་ཚོགས་པའི་ཆེས་མཐོའི་སྐུ་ཚབ་ལྕམ་ཨ་ཤ་ཊོན་མཆོག་ནས། ཡུ་རོབ་བོད་ཀྱི་དམིགས་བསལ་སྐུ་ཚབ་གསར་འཛུགས་ཆེད། ༧གོང་ས་མཆོག་དང་མཇལ་འཕྲད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་ཁོང་གིས་དབྱིན་ཡུལ་ངལ་རྩོལ་ཚོགས་པས་ མིང་ཙམ་གྱིས་བོད་ལ་རྒྱ་ནག་གི་བདག་དབང་ཡོད་པར་ངོས་འཛིན་བྱས་པ་དེ། ད་ཡོད་དབྱིན་ཡུལ་མཉམ་སྡེབ་སྲིད་གཞུང་ནས་ཕྱིར་འཐེན་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག