འབའ་སྐལ་བཟང་གི་དྲྭ་ཚིགས་ཀྱི་གསར་འགྱུར།

དེ་ནི་ ཐོག་མའི་ཡིག་ཆེན་གྱི་ཁ་བྱང་དུ། ༼ཟུངས་ཁྲག་གི་འགྱུར་ཁུག་༽ཞེས་བྲིས་གནང་འདུག་པས་རེད། ཁ་བྱང་འདིར་བརྟེན། ངའི་སེམས་ལ་ང་དགུ་ལོ་ནས་བརྩིས་པའི་རང་རེའི་དཔའ་བོ་ཕོ་མོའི་ལོ་རྒྱུས་ཀྱི་ཟུངས་ཁྲག་དག་དམར་ལྷོག་ལྷོག་སེམས་ངོགས་དྲངས་ཡོང་བ་དེ་རེད། དེ་ནས་སེམས་ཁ་མནན་རིམ་བཞིན་དྲྭ་ཚིགས་དེའི་མགོ་ནས་མར་རིམ་པས་བསྔོག་སྟེ་བལྟས་པས། ཕྱོགས་ཡོངས་ཀྱི་དྲྭ་ཚིགས་འདི་ནི། མདུན་ངོས་དང་། པར་མཛོད། ཟིན་བྲིས་ཀྱི་ལེ་ཚན་གསུམ་གྱིས་གྲུབ་འདུག་ལ། དེ་དག་སོ་སོའི་ནང་སོང་ན། ཁོང་གི་མཁྱེན་ཡོན་དང་། ཁོང་གི་དགའ་ཕྱོགས། ད་དུང་ཁོང་གི་དམིགས་འབེན་དག་ཀྱང་རེ་རེ་བཞིན་འབུས་བཞིན་པའི་སྒང་རེད་འདུག

 

ཁོང་ལ་དྲྭ་ཚིགས་འདི་ལྟར་བཟོ་དགོས་པའི་དམིགས་ཡུལ་ཕྱོགས་ནས་དྲིས་སྐབས། ཁོང་གིས་འདི་ནི་རང་དབང་གིས་རང་ཉིད་ཀྱི་རྩོམ་ཡིག་རྣམས་སྤེལ་ས་ཞིག་དང་། རང་ཉིད་ཀྱི་རྩོམ་ཡིག་རྣམས་ཉ་ཉོག་མེད་པ་ཁམས་གཙང་ཉར་ཚགས་བྱ་ས་ཞིག དེ་བཞིན་དེང་སང་དྲྭ་ཚིགས་མང་པོ་ཞིག་གི་ནང་སུན་སྣང་མང་པོ་སྤྲད་ཀྱིན་འདུག་པས་ངས་གཞིས་ཆུང་འདི་ཟིན་ཡིན་པའི་གནས་ལུགས་དག་གསུངས་སོང་། དྲྭ་ཚིགས་ཀྱི་ཁ་བྱང་། འདིར་བསྣུན་ཡོད། http://bapakalsangtrinley.yolasite.com/

ངས་ཀྱང་གོ་སྐབས་འདི་བརྒྱུད་ཁོང་གི་དྲྭ་ཚིགས་ལམ་ལྷོང་དང་། མི་རིགས་དང་རིག་གཞུང་ལ་སྨན་པའི་རེ་འདུན་ཞུ་བཞིན་ཡོད།