སེམས་དང་སྲོག་གི་ལྷན་ཚོགས།

mindscrience-mini-དབུ་འབྱེད་ཀྱི་མཛད་སྒོ་དེ་ཉིད་ཀུན་ཕན་བདེ་རྩའི་དབུ་འཛིན་རཱ་ཇིབ་མེ་རོ་ཏཱ་ར་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། དེ་བཞིན་རྒྱ་གར་གྱི་རྣལ་འབྱོར་མཁས་དབང་བྷི་ཀེ་ཨེས་ཨ་ཡེན་གྷར་ལགས་ཕེབས་ཡོད་པ་རེད། གོང་ཚེས་ཉིན་གྱི་ཉིན་རྒྱབ་ཏུ་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་ནང་ཆོས་ནས་གསུངས་པའི་ལུས་སེམས་ཀྱི་འབྲེལ་བའི་སྐོར་ལ་འགྲེལ་བརྗོད་མཛད་ཡོད་པ་རེད། ཉིན་བཞིའི་རིང་གི་ལྷན་ཚོགས་ཐོག་བགྲོ་གླེང་གནང་མཁན་ཁོངས་སུ་ནུབ་ཕྱོགས་དང་རྒྱ་གར་གྱི་ཚན་རིག་པ། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་སྨྲ་བ། རྣལ་འབྱོར་གྱི་སྲོལ་རྒྱུན་དང་ཕྱི་རོལ་བའི་སྲོལ་རྒྱུན་སོགས་ཀྱི་ཐོག་ལྟ་གྲུབ་སྨྲ་བ། རིག་བྱེད་སྨྲ་བ། ཉམས་ལེན་པ་མང་དག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག །{jcomments on}