ཆུ་སྒང་དབུས་རྒྱུན་གྱི་འོས་སྒམ་བཙན་འཕྲོག

དེ་རིང་གཟའ་ཉི་མ་སྟེ། ཕྱི་ཚེས་ ༡༣ ཉིན་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་གང་སར་མདོ་སྟོད་མི་མང་གིས་དུས་གཅིག་ལ། ཆུ་བཞི་སྒང་དྲུག་ཚོགས་པའི་དབུས་རྒྱུན་ལས་སྐབས་བཅུ་དགུ་པ་མང་གཙོའི་ལམ་སྲོལ་ལྟར་འོས་འདེམས་བྱེད་བཞིན་ཡོད་ནའང་། བལ་ཡུལ་རྒྱལ་སའི་ཉེ་འཁོར་བོད་མི་འདུས་སྡོད་བྱེད་ཡུལ་མཆོད་འཇོར་ས་གནས་དང། འཇོ་ལ་ཁེལ་ས་གནས་བཅས་སུ་གློ་བུར་བལ་ཡུལ་གྱི་ཉེན་རྟོག་པ་ཡོང་ནས་འདེམས་ཤོག་བླུགས་སའི་འོས་སྒམ་རྣམ་བཙན་འཕྲོག་བྱས་ཡོད་པ་རེད།

བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྐབས་ཀྱང་བལ་ཡུལ་གྱི་ས་གནས་ཁག་ཅིག་ནས། གཞུང་གི་ཉེན་རྟོག་པ་འོས་སྒམ་འཕྲོག་ཡོད་པ་དང་། ད་ལྟ་ཆུ་བཞི་སྒང་དྲུག་གི་འོས་སྒམ་འཕྲོག་པ་དེ་བོད་མིའི་འོས་སྒམ་འཕྲོག་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།
བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}