འདས་པའི་སྤྱི་འཐུས་དྲན་ནས་མ་འོངས་པར་གདམ་ཀ།
རྒྱལ་སྤྱི་གནས་བབས་དང་མི་མང་གི་བསམ་ཚུལ་ཅིག་ཀྱང་མི་ཤེས་མཁན། ག་དུས་ཡིན་ན་མི་མཐུན་ཕྱོགས་མ་གཏོགས་མཐུན་ཕྱོགས་ཅིག་ཀྱང་གྲོས་འཆར་བསྟན་རྒྱུ་མེད་པ། དམངས་གཙོ་ཁ་ལ་ཁུར་ནས་ཚོགས་གཙོའི་ཚད་བཀག་མི་ཐུབ་པ། ཆེ་ས་ག་འགྲོ་མི་ཤེས་ཆུང་ས་འཐབ་རྩོད་བྱེད་། གནས་དོན་ཅིག་ཀྱང་མི་ཤེས་རང་དབང་དང་ཐོབ་ཏང་ཀྱང་བཤད་། གང་ལ་ཡང་གོ་མི་ཆད་འཇོན་མདོགས་མཁས་མདོགས་བྱེད་། རང་ལ་ཅི་ཡོད་མི་ཤེས་གཞན་ལ་དཔེར་ཀྱང་ལྟར། ཚོགས་འདུ་ཚོགས་སྐབས་བློ་བུར་གང་དྲན་མ་གཏོགས་རྒྱུན་དུ་ཆབ་སྲིད་ལ་དག་སྣང་ཅི་ཡང་མེད་པ། ངས་བཤད་པ་དེ་ཨེ་བདེན་ཚོགས་དུས་དང་པོར་དང་། བོད་རིགས་ཡོངས་ལ་མིང་དོནམཚུང་པའི་བསམ་འཆར་ཡིག་ཆའི་བསྐོར་ཉོན་བཤད་ཀྱི་ཚོགས་འདུ་སྐབས་རང་མདོགས་བསྟན་ཡོད་ བློ་ཕམ་པ་ཞིག་ལ་སྤྱི་འཐུས་རྣམས་པས་ཤེས་ཀྱི་མི་འདུག་ཞེས་བཀའ་ཟུར་ཞིག་གིས་ཁ་གསལ་བོ་ཐོག་ནས་གསུང་འདུག། ཁ་ཤས་ཚོགས་འདུ་ལ་ཡོང་གྱིན་མི་འདུག། དཔེར་ན་མདོ་སྟོད་སྤྱི་འཐུས་རྡོ་རྗེ་དབང་འདུས་སོགས་མང་པོ་རེད་། ཁ་ཤས་ཚོགས་འདུ་ལ་ཡོང་ཀྱང་ཚིག་ཅིག་མི་བཤད་མཁན་འདུག། སྔོན་འགྲོ་ཚར་བ་རེད། གང་ངན་གང་སྡུག་ཚང་མ་སློད་སྡེད་འདུག། དངོས་གཞི་སྐབས་གཟབ་གཟབ་བྱས་ནས་འགྱུར་བ་བཏང་དགོས། མདོ་ན་༸གོང་ས་མཆོག་གི་དགོངས་གཞི་ཇི་ལྟ་བ་བཞིན་མཁྱེན་པས་ཐོག་ལག་ལེན་སྟར་ཐུབ་མཁན་ཞིག་གདམ་གནང་རོག་ཞུ། ཡིག་ནོར་ཡོད་ངེས་པས་དགོངས་དག་ཞུ།།