ཡུ་ཀེ་རེན་ནང་ཡོད་པའི་རྒྱ་གར་གྱི་མི་སེར་རྣམས་ཕྱིར་ཐོན་བྱེད་རྒྱུ་འགོ་བཙུགས་འདུག

ཨུ་རུ་སུའི་དམག་གིས་ཡུ་ཀེ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་འདིར། དམག་འཁྲུག་བྱུང་ཚེ་དེ་ཁུལ་གྱི་མིའི་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་ཡོང་ངེས་ཡིན་པས། རྒྱ་གར་གྱི་རང་མི་སེར་རྣམས་ཡུ་ཀེ་རེན་ནས་ཕྱིར་ཐོན་བྱེད་དགོས་བཙུགས་འདུག

ཟླ་༢ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢ ཉིན་གྱི་ཞོགས་པ་རྒྱ་གར་གྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ཀྱིས་“ཡུ་ཀེ་རེན་ས་མཚམས་སུ་རྒྱ་གར་གྱི་སློབ་མ་༢༠༠༠༠་ལྷག་ཡོད་པ་དང་། རྒྱ་གར་མི་སེར་གྱི་བདེ་འཇགས་ནི་ང་ཚོའི་གལ་གནད་དང་པོར་འཛིན་གྱི་ཡོད་པས་ཡུ་ཀེ་རེན་ནང་ཡོད་པའི་རྒྱ་གར་གི་མི་སེར་རྣམས་ཕྱིར་ཐོན་བྱེད་ཆེད་ང་ཚོས་(air India ) གནམ་གྲུ་གསུམ་རེས་གཟའ་མིག་དམར་ལ་གཅིག་དང་ཕུར་བུ་ལ་གཅིག སྤེན་པ་ལ་གཅིག་བཅས་ཁྱོན་གསུམ་གཏོང་རྒྱུ་ཡིན་’’ཞེས་བརྗོད་འདུག ཡུ་ཀེ་རེན་གྱི་བུད་མེད་དམག་མི་མར་ཐ་ཡུ་ཛ་ཁིར་གྱིས་“ང་ཚོ་ཡུ་ཀེ་རེན་གྱི་ངོས་ནས་ཨུ་རུ་སུའི་ཕྱོགས་ནས་དམག་བརྒྱབ་ཚེ་འགོག་སྲུང་གི་སྒྲ་སྒྲིག་ཡོད་ཀྱང་ཁོང་གིས་དམག་འཁྲུག་འདི་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་’’ཅེས་བརྗོད་འདུག

ཡུ་ཀེ་རེན་ནང་ཨུ་རུ་སུའི་དམག་མི་སྒྲིག་འཇོག་མང་དུ་གཏོང་གི་ཡོད་པའི་ཛ་དྲག་གི་གནས་སྟངས་དེ་ལ་རྒྱ་གར་འདྲ་བའི་རྒྱལ་ཁབ་མང་དག་ཅིག་གིས་ཡུ་ཀེ་རེན་དང་ཨུ་རུ་སུ་གཉིས་བར་གྱི་དཀའ་རྙོག་གང་མགྱོགས་ཞི་བདེ་ངང་སེལ་བའི་རེ་བ་རྒྱག་བཞིན་ཡོད་འདུག །

གསར་འགོད་པ་བདེ་སྒྲོན།