ཆོས་སྲིད་གཉིས་སྐོར་གྱི་ཁ་བརྡ།

ཀ།བོད་རང་བཙན་སྐོར་རེད་དམ།
ཁ། མ་རེད།གཏམ་བཤད་དང་དྲི་བ་དྲི་ལན་ཡང་འདུག་དཔེ་ཡག་པོ་ཚོགས་སོང།རང་བཙན་དང་དབུས་ མའི་ལངས་ཕྱོགས་ཀྱི་གླེང་གཞི་ཚང་མ་འདུགབགྲོ་གླེང་འདི་འདྲ་མང་ཙམ་འཚོགས་ཐུབ་ན་ ཡག་པོ་འདུག
ཀ།རེད་ཡ།ངས་ཀྱང་བགྲོ་གླེང་མང་ཙམ་བྱས་ན་ལེགས་ཆ་ཡོད་པར་མཐོང་གི་ཡོད།འོན་ཀྱང་འུར་བརྗོད་བྱེད་མཁན་ལ་དགའ་པོ་མེད།
ཁ། འཇམ་གཡང་ནོར་བུས་ཕྱོགས་གང་ས་ནས་བསམ་བློ་གཏོང་དགོས་སྐོར་བཤད་པ་དང།ཚོགས་ འདུའི་ཐོག་འཇམ་གཡང་ནོར་བུ་དང་བསྟན་རྡོར།དེ་སྔོན་དབུས་དཔེ་མཛོད་ཁང་གི་བློ་ བཟང་གསུམ་འདུགཚོགས་འདུ་གྲོལ་རྗེས་ཀྱང་ལ་ལས་འུར་བརྗོད་ཁོ་ནར་མིན་པར་དོན་དུ་ འཁྱོལ་དགོས་སྐོར་བཤད་སོང།
ཀ།ང་ཚོའི་འདི་ཕྱོགས་སུ་མི་དེ་འདྲ་ཁ་ཤས་ཡོད།ཤར་ལྷོ་ནུབ་བྱང་གང་ས་ནས་འུར་ཁོ་ནས་ཉན་མཁན་ཚོའི་དུས་ཚོད་འཕྲོག་བརླག་བཏང་གི་ཡོད་པ་རེད།
ཁ།གེ་ཡོད་མ་རེད།གང་ཡིན་ཟེར་ན་ཁོ་ཚོར་བཤད་དུ་བཅུག་ཉན་མཁན་ཚོས་དྲི་བ་བཀོད་པ་ཡིན་ན་ཉན་མཁན་རྣམས་ལ་སློབ་ཚན་ཐེངས་ཤིག་འཚོགས་པ་ལྟར་རེད།
ཀ།ཁྱོད་རང་གི་དྲི་བ་ག་རེ་བཀོད་པ་ཡིན།ཉན་མཁན་མང་པོ་འདུག་གམ།
ཁ།ང་ཉན་མཁན་ཡིན།ཕལ་ཆེར་བརྒྱ་ལྷག་ཙམ་འདུག།དྲི་བ་བཀོད་མཁན་ཁ་ཤས་ཧ་ཅང་ཡག་པོ་འདུག
ཀ།གླེང་གཞི་ག་རེ་རེད།
ཁ། བསམ་བློ་མི་མཐུན་ཕྱོགས་ཕན་ཚུན་གཞོགས་འདེགས་དང་མཐུན་འགྱུར་གང་འདྲ་དགོས་མིན་ སྐོར་རེད།ངས་ཆོས་སྲིད་གཉིས་ཁ་བྲལ་དགོས་པའི་སྐོར་དྲི་བ་བཏོན་པ་ཡིན།ཁོ་ཚོས་ ཚོགས་འདུའི་སྐོར་འཁོར་ལྡེར་བཟོས་སོང།རྗེས་མ་རྡ་སར་འབྱོར་གྱི་རེད།
ཀ།ཧཧཧཧ།དེ་ཡིན་ན་ཁྱོད་རང་དྲི་བ་བཀོད་མཁན་ལེགས་ཤོས་དེ་རེད།ཁྱོད་ཀྱིས་ཆོས་སྲིད་གཉིས་གང་འདྲ་ཁ་གྱེས་དགོས་པ་རེད་འདོད།
ཁ། ངས་ད་བར་དགའ་ལྡན་ཕོ་བྲང་ལོ་སུམ་བརྒྱའི་ལྷག་རིང་ང་ཚོ་ཆོས་སྲིད་ཟུང་འབྲེལ་ རེད།དེ་རྐང་པ་གཅིག་གིས་གོམས་པ་སྤོས་པ་རེད།བཀའ་ཁྲི་གསར་པ་སླེབས་ཉིན་ནས་བཟུང་ ཆོས་སྲིད་གཉིས་ཁ་གྱེས་དགོས་པ་རེད་ཅེས་བཤད་པ་ཡིན།
ཀ།གང་འདྲ་དངོས་སུ་ལག་བསྟར་དགོས་སམ།
ཁ། ངས་རྐང་པ་གཅིག་གི་མཆོང་ནས་འགྲོ་བ་ལྟར་འཁྲབ་པ་ཡིན།འདི་ལོའི་ཟླ་༡༡ནས་བཟུང་ རྐང་པ་གཉིས་བཙུགས་ནས་འགྲོ་དགོས་ལ།དེར་མ་གོམས་པ་དེ་འདྲ་ཡོང་སྲིད།
ཀ།ཆོས་སྲིད་གཉིས་གྱེས་དགོས་ན་སྟབས་བདེ་ཡང་ནང་ཆོས་མུ་མཐུད་བརྒྱུད་འཛིན་བྱེད་པ་ནི་དཀའ་ཚེགས་ཆེ་བའི་གནད་དོན་ཞིག་རེད།
ཁ། བཀའ་ཁྲི་གསར་པ་ཁྱབ་བསྒྲགས་བྱས་རྗེས་ངས་ཆོས་སྲིད་གཉིས་བཅོས་བསྒྱུར་དང།་གཞུང་ འཛིན་སྐྱོང་འཛུགས་སྐྲུན་སྐོར་རྩོམ་ཡིག་མ་ཟིན་ཞིག་འབྲི་ཡི་ཡིན།
ཀ།དཔེ་ཡག་པོ་རེད།
ཁ།གནད་དོན་དེ་གཉིས་གལ་ཆེ་ཤོས་རེད།དུས་མཚུངས་སུ་ངས་ཁྱོད་ལའང་གཏོང་ཆོགདེ་རིང་ཚོགས་འདུ་ཉན་མཁན་དམར་ཤོག་གི་མི་སྣ་སླེབས་འདུག
ཀ།ངས་བསམ་ན་ཆོས་སྲིད་ཁ་གྱེས་པ་ཅུང་ལས་སྟབས་བདེ་ཡང་མུ་མཐུད་ནང་ཆོས་རྒྱུད་འཛིན་ཕྱོགས་ནི་དངོས་གནས་ཛ་དྲག་གི་གནད་དོན་གལ་ཆེ་ཞིག་རེད།
ཁ། འདི་ཕྱོགས་སུ་གལ་ཆེན་གྱི་ཚོགས་འདུའི་ཐོག་ག་དུས་ཡིན་ཡང་དམར་ཤོག་ཚོའི་མི་ཡོད་ ཡོད་པ་འདྲ་རེད།ཆོས་སྲིད་ཁ་གྱེས་རྗེས་ཆོས་ཕྱོགས་རྒྱུད་འཛིན་སྐོར་ཡང་
སྔར་བས་ཇེ་ལེགས་སུ་འགྲོ་རྒྱུ་རེད།སྐབས་དེར་ངས་ཀྱང་ནང་ཆོས་ཀྱི་ཕན་ཡོན་སྐོར་བཤད་སྲིད་ཅིང། ནང་ཆོས་མེད་ན་བོད་འདི་ཚར་སོང་བ་རེད།
ཀ།ཁྱོད་ཀྱིས་ཆོས་སྲིད་གཉིས་ཁ་གྱེས་ཟེར་བ་དེ་ནི་དམངས་གཙོའི་ལམ་ལུགས་ལྟར་ཐད་ཀར་ལག་བསྟར་བྱ་བར་གོ་དགོས་པ་རེད་དམ།
ཁ། ནང་ཆོས་ཀྱི་ལེགས་ཆ་ནི་ཚང་མས་མཐོང་བཞིན་པ་དེ་རེད།སྲིད་གཞུང་གྱི་དམངས་གཙོ་ འཛུགས་སྐྲུན་དང་ནང་པའི་སྡེའི་འཛུགས་སྐྲུན་ནི་གནད་དོན་མི་འདྲ་བ་གཉིས་རེད། བོད་པ་ཚོ་ནི་དངོས་གནས་སེམས་བཟང་ཅན་རང་རེད།དམར་ཤོག་གི་མི་སྣ་དེ་ཚོར་ཁ་རྡུང་ ཙམ་ཡང་བཏང་མ་སོང།
ཀ།ཁ་རྡུང་བཏང་བའི་དབང་དུ་སོང་ཡང་ཅི་ཕན།ས་སྟེང་དམར་ཤོག་དམག་གིས་ཁེངས་ནས་ཡོད་པ་རེད།་ཧཧཧཧ།
ཁ། ཐེ་ཝན་མིའི་ཚོགས་འདུ་ཐོག་དམར་ཤོག་མི་སྣ་ཕྱི་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད་ པ་རེད།ངོ་ཚ་ཁ་སྐྱེངས་པའི་སྒོ་ནས་ཚོགས་ཐོག་ནས་བྲོས་དགོས་བྱུང་བ་རེད།ཐེ་ཝན་ མིས་དམར་ཤོག་མི་སྣ་མཐོང་བ་ཙམ་གྱིས་ཕྱིར་ཕུད་བཏང་གི་ཡོད་ལ།ཁོ་ཚོ་དམར་ཤོག་ལ་ ཁོ་ཁྲོ་མེ་ལྟར་འབར་གྱི་ཡོད་པ་རེད།
ཀ། དོན་དངོས་ཐོག་རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ཀྱང་བོད་གྱི་རང་དབང་གྱི་ བྱ་བ་དོན་འཁྱོལ་ཡོང་མིན་ཡང་བཤད་ཚོད་མི་ཐིག་འོན་ཀྱང་ཁྱོད་ཀྱིས་བཤད་པའི་གནད་ དོན་དེ་གཉིས་ནི་ཆེས་གལ་འགངས་ཆེ་བའི་གནད་དོན་རེད།
ཁ།དེ་རིང་འཇམ་གཡང་ནོར་བུས་བོད་མི་སྐྱ་སེར་གཉིས་ནང་དམར་གཞུང་གི་བྱ་བ་སྒྲུབ་མཁན་ཡོད་པ་རེད་ལ།ཁ་ཤེས་ད་དུང་རིན་པོ་ཆེ་རེད་ཅེས་བཤད་བྱུང།
ཀ། ངས་ཟེར་ན་ནང་ཆོས་རྒྱུད་འཛིན་གང་ལེགས་ཡོང་ཕྱིར་དུས་རིམ་ངེས་ཅན་ནང་ཆོས་རིག་ ལས་ཁུངས་ཁྲིམས་སྒོ་རང་བཙན་གྱི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ན་བསམ་ཡོད།ཁྱོད་ ཀྱིས་བྱས་ན་དེ་གང་འདྲ་འདུག
ཁ།དཔེར་ན་རྒྱལ་ཁབ་ཅིག་གི་དམག་ཡོངས་ཀྱི་འགོ་འཁྲིད་ཅིག་གམ་རྒྱལ་སྲུང་ཁང་ནས་སོ་སོར་དམག་དཔུང་ག་ཚོད་ཡོད་མེད་མ་ཤེས་ན་འགྲིག་གམ།
ཀ།དེ་འགྲིག་གི་མ་རེད།
ཁ། ཆོས་རིག་ལས་ཁུངས་ངེས་པར་དུ་མུ་མཐུད་དགོས་ཀྱི་རེད།སྡེ་ཚན་དེ་ནི་ཕན་ཚུན་ འབྲེལ་མཐུད་ཀྱི་ཟམ་པའི་ནུས་པ་ཐོན་གྱི་ཡོད་པ་རེད།ཁྱོད་ཀྱིས་བཤད་པར་བདེན་པ་ རེད།ང་ཚོས་དངོས་སུ་ལག་བསྟར་བྱ་དགོས་པ་རེད།

ཀ།ཆོས་རིག་ལས་ཁུངས་རྒྱུད་མཐུད་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད

སྡེ་ཚན་དེར་རང་སྐྱོང་གི་འཛུགས་སྐྲུན་ཞིག་མ་འབྱུང་ཚེ།ད་དུང་ཡང་ཆོས་སྲིད་ཟུང་འབྲེལ་ཟེར་བར་འགྱུར་བའི་དོགས་པ་ཡོད་པ་མ་རེད་དམ།

 

ཁ། སྒྲིག་འཛུགས་གསར་འཛུགས་སྐོར་ལས་དོན་སྒྲུབ་པ་ཡིན་ན་ཕལ་ཆེར་ལོ་གསུམ་ནང་གྲུབ་ འབྲས་ཐོན་གྱི་རེད།དུས་དེར་སྡེ་ཚན་དེར་ཆོས་རིག་ལས་ཁུངས་ཟེར་གྱི་མེད་པར་མིང་ བཅོས་དགོས་པ་དང།སྡེ་ཚན་དེར་ཤུགས་གནོན་རྒྱག་དགོས་པ་ལས་འཐུས་ཤོར་གཏོང་རྒྱུ་ མེད།
ཀ། དེ་སྔོན་ངས་ཀྱང་ཐད་ཀར་དམངས་གཙོའི་ལམ་ལུགས་ལྟར་དོན་འཁྱོལ་བྱས་ན་འགྲིག་བསྡད་ པར་ངོས་འཛིན་བྱུང།་འོན་ཀྱང་དུས་མཚུངས་སུ་ནང་པའི་རབ་བྱུང་བཙུན་པའི་སྡེ་ཚོགས་ རྣམས་ཆབ་སྲིད་ཀྱི་ལས་འགུལ་ནང་འཐེན་ཡོང་བར་ཡིན་དུས་དེ་འདྲ་བྱས་ན་འཆར་གཞི་ ཡོངས་རྫོགས་འཁྲུག་ཟིན་པ་མ་རེད་དམ།
ཁ།སྡེ་ཚན་དེ་འཛུགས་སྐྲུན་བྱས་རྗེས་གང་ལེགས་ཆགས་ཀྱི་རེད།ངས་ང་ཚོས་རྐང་པ་གཉིས་བཙུགས་ནས་འགྲོ་རྒྱུར་གོམས་དགོས་པ་རེད་ཟེར་གྱི་ཡོད།
ཀ། ཆོས་རིག་སྡེ་ཚན་ཇི་ཙམ་འཛུགས་སྐྲུན་བཟང་པོ་བྱུང་ཡང་སྲིད་གཞུང་གི་བཀའ་བཀོད་ལ་ ཉན་དགོས་པ་རེད།་དེ་ནི་གནད་འགག་དང་དཀའ་ཚེགས་ཆེ་བའི་གནས་ཚུལ་ཞིག་རེད།
ཁ།ཆོས་སྲིད་ཁ་གྱེས་རྗེས་ལས་དོན་ཐད་ཀྱང་སྔར་བས་བྱ་བདེ་བར་ཆགས་ཀྱི་རེད།
ཀ།ཁྱོད་ཀྱིས་ངའི་དྲི་བར་ཐད་ཀར་ལན་འདེབས་བྱོས་དང།
ཁ།དེ་ནས་ཕན་ཚུན་མཐུན་འགྱུར་གྱི་གནད་དོན་ཁོ་ནར་རེད།སྐབས་དེར་ཆོས་རིག་ལས་ཁུངས་ཟེར་གྱི་མ་རེད།མིང་གཞན་ཞིག་བཏགས་དགོས་པ་རེད།
ཀ།གནད་འགག་ཅན་གྱི་སྡེ་ཚན་དེ་སྲིད་གཞུང་འོག་གི་སྡེ་ཚན་ཞིག་ཏུ་བསྒྱུར་སོང་ན་གནད་དོན་གཞན་མེད་སོང་བ་རེད་དམ།
ཁ།སྡེ་ཚན་དེ་གཞུང་འཛིན་འོག་གི་སྡེ་ཚན་ཞིག་མ་རེད།སྡེ་ཚན་དེ་གཞན་གྱི་སྒྲིག་འཛུགས་གང་དང་ཡང་འབྲེལ་བ་བྱེད་ཀྱི་མེད།
ཀ།རྒྱལ་ཁོངས་སུ་ཛ་དྲག་གི་གནད་དོན་འབྱུང་ཚེའང་སྡེ་ཚན་གཞན་དང་འབྲེལ་བ་བྱེད་རྒྱུ་ཡོད་མ་རེད་དམ།
ཁ། སྡེ་ཚན་དེས་ཆོས་ལུགས་ཕན་ཚུན་གྲོས་མཐུན་དང་བགྲོ་གླེང་བྱེད་རྒྱུ་དང།དེའི་ བྱུང་འབྲས་སམ་མཇུག་བསྡོམས་དེ་གྲོས་ཚོགས་སུ་སྙན་སེང་ཞུ་དགོས་པ་རེད་ལ།དེ་ནས་ གྲོས་ཚོགས་དང་ཁོ་ཚོའི་དབར་གྲོས་མོལ་བྱེད་དགོས་པ་ལས།བཀའ་ཤག་ལ་རྩིས་སྤྲོད་ བྱེད་རྒྱུ་མེད།ཁོ་ཚོ་དང་བཀའ་ཤག་དབར་ལས་དོན་ཐད་ཀྱི་འབྲེལ་བ་ཡོད་མ་རེད།
ཀ།དེས་ན་རྒྱལ་ཁབ་ལ་ཛ་དྲག་དང་དཀའ་ཚེགས་ཆེ་བའི་གནད་དོན་འབྱུང་ཚེ་ཆོས་རིག་སྡེ་ཚན་དེ་བེད་སྤྱོད་དགོས་པ་རེད་དམ།
ཁ།དེ་ནི་གནད་དོན་གཞན་ཞིག་རེད།དེའང་གྲོས་ཚོགས་དང་དུས་ཐོག་འབྲེལ་མཐུད་བྱེད་དགོས།
ཀ། གྲོས་ཚོགས་ནས་འབྲེལ་མཐུད་བྱུང་རྗེས་སླར་ཡང་གཞན་གྱི་བཀོད་ཇུས་ཉན་དགོས་པ་མ་ རེད་དམ།དེ་མིན་དུས་ཐོག་འབྲེལ་མཐུད་བྱུང་རྗེས་ཀྱང་སྡེ་ཚན་གཞན་གྱི་མི་སྣ་ཚོས་ ཆོས་རིག་སྡེ་ཚན་གྱི་ལས་དོན་ཁག་ལ་དྲི་དོགས་འབྱུང་བའི་སྐབས་དེར་ཆོས་པ་དང་སྐྱ་ བོ་ཡོངས་ཀྱིས་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་དགོས་པ་ཞིག་ཤར་ཡོང་གི་རེད།དེ་ འདྲ་ཡིན་ན་ད་དུང་ཡང་ཆོས་སྲིད་ཟུང་འབྲེལ་གྱི་གནས་སྟངས་དང་མཐའ་གཅིག་ཏུ་ཁ་བྲལ་ ཟེར་བ་དེ་འདྲ་བྱུང་མེད་པར་འདོད།
ཁ། གནས་སྟངས་དེ་འདྲ་ཡིན་སྟབས་ཆོས་རིག་ལས་ཁུངས་ལས་ལྷག་པའི་སྡེ་ཚན་ཞིག་གཟུག་ དགོས་པ་རེད།་གཞན་པའི་སྡེ་ཚན་རྣམས་ལ་བསམ་འཆར་ཡོད་ན་གྲོས་ཚོགས་སུ་བཤད་ཆོག་པ་ རེད།
ཀ། གང་ལྟར་ཡང་སྡེ་ཚན་དེ་གང་འདྲ་ལེགས་པོ་ཞིག་ཡོད་ཀྱང་མཐར་ཐུག་ན་ཆོས་པའི་སྡེ་ནས་ སྲིད་གཞུང་གི་ཆེས་མཐོའི་སྡེ་ཚན་གྱི་བཀོད་ཇུས་ཉན་དགོས་པ་མ་རེད་དམ།
ཁ།བཀའ་ཤག་སྲིད་གཞུང་ཡིན་པ་ལས་གྲོས་ཚོགས་སྲིད་གཞུང་མ་རེད།
ཀ།འོན་ཀྱང་གྲོས་ཚོགས་ནི་སྲིད་གཞུང་དོ་དམ་བྱེད་མཁན་གྱི་དབང་ཆ་ཆེ་བའི་སྡེ་ཚན་ཞིག་ཡིན།
ཁ།དེ་ནི་གྲོས་ཚོགས་དང་སྡེ་ཚན་གཞན་དེའི་དབར་འབྲེལ་མཐུད་ཀྱི་གནས་དོན་རེད།
ཀ། ཆོས་སྲིད་གཉིས་ཁ་གྱེས་དགོས་ན་དུས་ཚོད་ངེས་ཅན་ནང་ཆོས་རིག་ལས་ཁུངས་ལ་གོ་གནས་ དམིགས་བསལ་བ་ཞིག་མི་སྤྲོད་ཁག་མེད་རེད།དེ་མིན་ན་བསྐོར་བ་ཆེ་ཐག་ཆོད་ཅིག་ བསྐོར་རྗེས་སླར་ཡང་སྔོན་གྱི་ས་དེར་རང་སོར་སླེབས་སྲིད་པ་རེད།
ཁ། གང་ཡིན་ཟེར་ན་ང་ཚོ་ནི་གཞན་དང་མི་འདྲ་བའི་ཧ་ཅང་དམིགས་བསལ་ཅན་གྱི་རྒྱལ་ཁབ་ ཅིག་རེད།ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་ཆོས་སྲིད་ཟུང་འབྲེལ་རེད།ངེས་པར་དུ་ གོ་རིམ་ཐད་བསམ་བློ་གཏོང་དགོས་སྡེ་ཚན་དེ་གྲོས་ཚོགས་ཀྱི་སྟངས་འཛིན་འོག་ཏུ་ གནས་མེད།
ཀ།ངས་ཀྱང་དེ་དག་བཤད་པ་ནི་ཁྱོད་ལ་དོགས་སློང་ཙམ་ཡིན་པའི་ཁུལ་རེད།
ཁ། སྡེ་ཚན་དེ་ནི་ཆོས་རྒྱུད་ཡོངས་ཕན་ཚུན་འབྲེལ་མཐུད་བྱེད་མཁན་གྱི་ལས་ཁུངས་ཤིག་ རེད།ཁོ་ཚོར་ད་དུང་ཡང་ལས་དོན་མང་དག་ཅིག་བསྒྲུབ་རྒྱུ་ཡོད།འོན་ཀྱང་སྡེ་ཚན་དེ་ རྡ་རམ་ས་ལར་གནས་རྒྱུ་མེད།
ཀ།འོ་ན་སྡེ་ཚན་དེ་ཨ་རིར་གནས་རྒྱུ་རེད་དམ།ཧཧཧཧ།ཀུ་རེ་ཡིན།ས་གནས་བརྗེ་བསྒྱུར་བྱས་པ་ཙམ་གྱིས་ཕན་ཐོག་ག་རེ་ཡོད་དམ།
ཁ།་སྡེ་ཚན་ད་རྒྱ་གར་ལ་ཡོད་དགོས།
ཀ།དེ་སྔོན་ནས་རྒྱ་གར་ལ་ཡོད་ཡོད་པ་རེད།
ཁ།ཆོས་རྒྱུད་ཁག་གིས་ཞིབ་འཇུག་བརྒྱུད་ཐག་གཅོད་བྱ་དགོས།འོན་ཀྱང་སྡེ་ཚན་དེ་རྡ་སར་གནས་ཡོད་པ་མ་རེད།
ཀ།འོ་ན་སྡེ་ཚན་དེ་ག་བར་གནས་ཡོད་རེད།
ཁ། ཆོས་རྒྱུད་ཁག་གི་དགོན་པའི་ནང་གནས་ཡོད།ཐོག་མར་རང་སོ་སོའི་དགོན་པའི་སྒྲིག་ འཛུགས་ཚགས་ཚུད་པར་འཛུགས་སྐྲུན་བྱ་དགོས།ཁོ་ཚོར་སྲོལ་རྒྱུན་གྱི་སྒྲོམ་གཞི་ ཡོད་པ་དེར་ཤུགས་གནོན་རྒྱག་དགོས་ལ་གྲོས་ཚོགས་ནང་གི་ཆོས་ལུགས་སྤྱི་འཐུས་དེ་ དག་ཕྱི་འཐེན་བྱ་དགོས།
ཀ།གང་ལྟར་ཁྱོད་ཀྱིས་ཆོས་རྒྱུད་ཁག་གི་སོ་སོའི་ལས་དོན་དོ་དམ་བྱེད་དགོས་བཤད་ཀྱི་འདུག
ཁ། ཆོས་རྒྱུད་སྤྱི་འཐུས་ཚོ་སོ་སོའི་དགོན་པར་ཕྱིར་ལོག་རྗེས་གཞི་ནས་རྒྱལ་ཁབ་ཀྱི་ གནས་དོན་ཐག་གཅོད་ལེགས་པོ་ཡོང་གི་རེད།འབྲེལ་མཐུད་སྡེ་ཚན་དེའང་ཆོས་རྒྱུད་ཁག་ ལྔ་ཡིས་མཐུན་མོང་གིས་སྒྲིག་འཛུགས་ཤིག་ཡིན་པ་དང།ཁོ་ཚོས་འཐུས་མི་གཏོང་དགོས་ལ། ཨང་དང་པོར་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས་པ་དང།བཅའ་ཁྲིམས་ལ་འགན་འཁུར་དགོས།
ཀ། ངས་བཤད་ན་ཁྱོད་ཀྱིས་མ་འོངས་པར་ངེད་གཉིས་ཀྱིས་བཤད་བཞིན་པའི་ཆོས་རིག་ལས་ཁུངས་ ནི་ཁྲིམས་སྒོ་རང་བཙན་གྱི་སྡེ་ཚན་ཞིག་ཡིན་མིན་སྐོར་བསམ་བློ་མང་ཙམ་ཐོང་ཟེར་ གྱི་ཡོད།
ཁ།ངས་དེ་སྔོན་མི་ཁག་ཅིག་དང་གྲོས་བསྡུར་བྱས་པ་ཡིན།
ཀ། བཅའ་ཁྲིམས་ཨང་དང་པོ་ཡིན་ན་གལ་ཏེ་བཅའ་ཁྲིམས་ནང་ལོ་རེའི་སུམ་བཅུ་དུས་དྲན་ སྐབས་ཚང་མས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་སྐོར་འཁོད་ཡོད་ན་ ཆོས་པའི་སྡེ་ཚོགས་ཀྱང་དེར་ཞུགས་དགོས་སམ།ཤེས་དགོས་པ་ཞིག་ལ་ཆོས་པའི་སྡེ་ལ་སོ་ སོའི་འདུ་ཁྲིམས་ཆ་ཚང་བ་ཞིག་ཡོད་ཡོད་པ་རེད་ལ།སུ་དང་འབྲེལ་མཐུན་བྱས་ཀྱང་གཅིག་ མཚུངས་རེད།གལ་ཏེ་གནད་དོན་གྱི་ལྟེ་བ་ངོས་འཛིན་མ་བྱས་བར་ག་ཚོད་བཤད་ཀྱང་བེད་ མེད་རེད།ཆོས་སྲིད་གཉིས་ཁ་གྱེས་དགོས་ན་གལ་གནད་ཆེ་ཤོས་ནི་སྐོར་བ་ཆེ་ཐག་ཆོད་ ཅིག་བསྐོར་རྗེས་ད་དུང་ཡང་གནས་སྟངས་སྔར་བཞིན་མ་ཡོང་བར་གཟབ་དགོས་པ་དེ་རེད།
ཁ།ཆོས་པའི་སྡེ་ཚོགས་བཅའ་ཁྲིམས་ལྟར་ལས་འགུལ་ནང་ཞུགས་དགོས་ཀྱི་རེད།
ཀ།དེ་ནི་ནང་ཆོས་ཀྱི་ལྟ་གྲུབ་དང་མི་མཐུན་པའི་ཕྱོགས་རེད་ད།
ཁ།གྲོས་ཚོགས་ཀྱི་ཆོས་ལུགས་སྤྱི་འཐུས་ངེས་པར་དུ་གྲོས་ཚོགས་ནས་ཕྱི་འཐེན་བྱ་དགོས་པ་རེད།
ཀ།ག་བར་ཕྱི་འཐེན་བྱ་དགོས་སམ།
ཁ།ཆོས་ཀྱི་དཔེ་དེབ་ཁག་ནང་ལ་མི་གཞན་བསད་ནའང་འགྲིག་པའི་སྐོར་འཁོད་ཡོད་པ་རེད།འོ་ན་དེའི་སྐོར་ཁྱོད་ཀྱིས་ཇི་ལྟར་འགྲེལ་བཤད་རྒྱག་གི་ཡིན་ནམ།
ཀ།ཁྱོད་ཀྱིས་ཟེར་ན་དགོན་པར་ཕྱིར་ལོག་དགོས་པ་རེད་ཟེར་གྱི་ཡོད་དམ།
ཁ།དེ་འདྲ་ཟེར་གྱི་ཡོད།
ཀ།དེ་ནི་ཁོ་ཚོའི་རང་གི་གནས་ཚུལ་མ་ཡིན་ནམ།ང་ཚོས་ད་ལྟའི་ཆར་ཧུར་བརྩོན་ངང་ནས་ཆོས་སྲིད་གཉིས་ཁ་བྲལ་ཐབས་བྱེད་ཀྱི་ཡོད་མ་རེད་དམ།
ཁ།རེད།དེར་བརྟེན་ནས་གྲོས་ཚོགས་ལ་བཅོས་བསྒྱུར་གཏོང་དགོས།
ཀ།གལ་ཏེ་ཁོ་ཚོས་མི་བསད་པ་ཡིན་ཡང་འདུ་ཁྲིམས་ཆ་ཚང་བ་ཞིག་གིས་སྟངས་འཛིན་དང་དོ་དམ་ཡོད་བཞིན་པ་རེད།
ཁ། རེད།དེར་བརྟེན་ནས་ཁོ་ཚོའང་རྒྱལ་ཁབ་སྲུང་སྐྱོར་གྱི་འཐབ་འཛིང་ནང་བཞུགས་དགོས་ པ་རེད།་འོ་ཡ།ད་འདིར་མཚན་མོ་ཆུ་ཚོད་དང་པོ་རེད།ཕྱི་པོ་ཆགས་སོང།ང་སང་ཉིན་ལས་ ཀར་འགྲོ་དགོས་ཀྱི་ཡོད།
ཀ། ཆོས་པའི་སྡེ་ལ་སྲིད་གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས་ཀྱིས་དོ་དམ་མི་དགོས་པ་ རེད།གལ་སྲིད་དེ་འདྲ་ཡིན་ན་དེ་བས་ཐད་ཀར་སྲིད་གཞུང་གིས་དོ་དམ་བྱེད་དེ་ཆོས་ རྒྱུད་སྤྱི་འཐུས་ཕྱི་འཐེན་བྱེད་བཅུག་ན་འགྲིག་པ་མ་རེད་དམ།དངོས་ཡོད་གནས་ཚུལ་ ནི་དེ་འདྲ་ཙམ་མིན་པར་ཧ་ཅང་གསལ་པོ་རེད།
ཁ།འོ་ཡ་ད་རྗེས་སུ་ཁ་བརྡ་བྱ།
ཀ།རེད་རེད།རྗེས་སུ་མཇལ་ཡོང།