མི་འགྱུར་གངས་རི་ཏི་སི།
ལས་སྨོན་བཟང་པོའི་ཅིག་གིས་མཚམས་སྦྱོར་གྱི།།
ཡིད་མཐུན་རིག་པའི་གྲོགས་པོ་ཁྱེད་ཉིད་མཇའ།།
ཤེས་རིག་རྣམ་པ་བཀྲ་བའི་དགའ་ཚལ་ལས།།
འཛུམ་དགའ་མངོན་པ་ལྷུན་ཅིག་བཞད་པ་སྤྲོ།།
ཐུན་མིའི་རྣམ་དཔྱོད་རྒྱ་མཚོ་བསྲུབ་པ་ལས།།
བྱུང་བའི་ཁ་བ་རི་པའི་རིག་གནས་བཅུ།།
དཀའ་གནད་བསྲེད་བཀྲོལ་དཔྱད་པ་བྱེད་ཞོར་དུ།།
ལྷན་ཅིག་སྦྲང་རྩི་དགའ་སྟོན་ཅི་ཡང་མྱོང།།
འཆད་རྩོད་རྩོམ་པའི་དཔལ་གྱི་ཐུགས་རྒྱུད་ཕྱུག།།
སྙན་ངག་སྨྲ་བའི་སློབ་དཔོན་འཇིཊ་མེད་ཀྱི།།
སློབ་འབངས་གཅིག་ཏུ་གཏོཊ་པའི་རིག་པའི་གྲོཊ།།
མཛའ་བརྩེ་དམ་ཚིག་མི་འགྱུར་རྟག་ཏུ་ཉར།།
ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཤེས་བྱའི་གནས།།
བློ་གསལ་བྱིས་པའི་མོས་ཁམས་དང་མཚངས་པའི།།
ཙན་དན་གར་བུ་ཟིལ་མ་འདོད་འཇོ་བས།།
གཞོན་ནུ་བུང་བ་དགའ་བའི་མགྲིན་རྔ་འཁྲོལ།།
ཁ་བ་རི་པའི་བརྡ་དག་སྙན་ངག་སོགས།།
འཆད་ཁྲིད་བློ་གསལ་བྱིས་པའི་རྨོངས་འཐོམ་སྲང།།
གཞན་དོན་འཁུར་དུ་འཆང་བའི་རིག་པའི་གྲོགས།།
ཁྱེད་ཀྱིས་མཛད་བཟང་འདི་ལ་རྨད་ཅིང་བརྗིད།།
ཤེས་བྱའི་བསྟི་གནས་གདན་ས་ཆེན་པོའི་ནང།།
རིགས་ལམ་ཕྲ་མོའི་བརྒལ་ལན་ཞོལ་དང་ལྷན།།
རྩོད་རྒོད་ཕ་རོལ་རྒོལ་བ་སུན་འབྱིན་གྱིས།།
བཞུགས་པའི་རིག་པའི་དཔའ་བོ་ཁྱེད་ལ་བསྟོད།།
ཁྱེད་སྐུ་གཞུང་དྲང་དཔལ་བསམ་འཁྲི་ཤིང་གི།
ལང་ཚོ་འདབ་མའི་རྣམ་པར་རྒྱལ་བ་ཤོག།།
མཁྱེན་རབ་ཡར་ངོའི་ཟླ་བའི་ཆ་ཤས་ཀྱིས།།
རིམ་ནས་མྱུར་དུ་གང་བའི་སྨོན་གྱུར་ཅིག།།
འགྱུར་མེད་གངས་ལ་རྡུལ་བརྩེཊ་ཇི་བཞིན་དུ།།
མཛའ་མཐུན་ནམ་ཡང་གློད་ཐབས་མི་འདུག་པས།།
མི་མཐུན་རྒུད་པའི་ཚོགས་རྣམས་རབ་ཞི་ནས།།
རིག་པའི་མཛའ་མཐུན་མི་འགྱུར་རྟག་བརྟན་ཤོག།།
༢༠༡༡།༤།༢༤ཉིན་ལ་ཤར་མར་བྲིས་སོ།