ཨི་ཟི་རལ་དང་པཱ་ལི་སི་ཐན་གྱི་རྩོད་རྙོག
པཱ་ལི་སི་ཐན་གཉིས་བར་གྱི་ས་མཚམས་ཀྱི་རྙོག་གྲ་དེ་མྱུར་དུ་མཚམས་འཇོག་དང་། པཱ་ལི་སི་ཐན་ལ་རང་བཙན་སྤྲོད་དགོས་ཞེས་ཨི་ཟི་རིལ་གཞུང་ལ་ངོ་རྒོལ་དང་། རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱས་ཡོད་འདུག
ངོ་རྒོལ་བྱེད་མཁན་རྣམས་ནས་པཱ་ལི་ས་ཐན་གྱི་རྒྱལ་དར་འཕྱར་ཏེ་ང་ཚོར་ས་མཚམས་ཀྱི་ཐོབ་ཐང་དང་། རྒྱལ་ཁབ་ལ་རང་བཙན་དགོས་ཞེས་པའི་འབོད་ཚིག་བསྒྲགས་ཏེ་གྲོང་ཁྱེར་དང་ས་མཚམས་ཁག་ལ་སྐོར་བསྐྱོད་བྱས་ཡོད་པ་དང་། ངོ་རྒོལ་བ་ཉུང་ཤས་ནས་ཨི་ཟི་རིལ་གྱི་རྒྱལ་དར་མཉམ་འཁྱེར་གྱིས་ས་ཁུལ་དང་སྲང་ལམ་ཁག་ཏུ་སྐད་འབོད་བྱེད་བཞིན། ཞི་བདེ་དང་བརྟན་ལྷིང་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད། ཡིན་ནའང་རྔམ་སྟོན་ཁྲོམ་སྐོར་གྱི་ས་གནས་སུ་སླེབས་ཟིན་པའི་ཉེན་རྟོག་པ་དག་གིས་འཛིན་བཟུང་དང་རྡུང་རྡེག་བཏང་བའི་རིགས་བྱུང་མེད་པ་རེད།