༧གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་དམ་འབུལ་ལ་འཚམས་འཕྲིན་བསྩལ།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཁ་སང་ཟླ་བ་ ༠༥ ཚེས་ ༢༠ ཉིན་ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་ལཱའི་ཆིང་ཏེ་ཡིས་སྲིད་འཛིན་གྱི་དམ་འབུལ་བྱས་ཏེ་ཐའེ་ཝན་སྲིད་འཛིན་གྱི་ལས་འགན་དངོས་སུ་འགོ་འཛུགས་བཙུགས་ཡོད་པ་བཞིན། ཕྱི་ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
གསུང་འཕྲིན་ནང་དུ། རྩ་བ་བརྟན་པོ་ཚུགས་པའི་ཐའེ་ཝན་གྱི་མང་གཙོའི་ལམ་ལུགས་ཤིག་ཇི་ལྟར་བྱུང་བར་མཐོང་བ་ནི་ངོ་མཚར་བ་ཞིག་ཡིན་ཚུལ་དང་། དེ་བཞིན་ཐའེ་ཝན་གྱི་མི་མང་གིས་མང་གཙོའི་ལམ་ལུགས་དར་རྒྱས་གོང་འཕེལ་དུ་བཏང་བ་མ་ཟད། སོ་སོའི་རིག་གཞུང་དང་སྲོལ་རྒྱུན་ཕུན་སུམ་ཚོགས་པ་རྒྱུན་འཛིན་བྱེད་བཞིན་པ་དང་། དཔལ་འབྱོར་ཐོག་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་བའི་སྐོར་དང་འབྲེལ། མགོན་པོ་གང་ཉིད་ནས་སྲིད་འཛིན་ལ་གསར་པར་ཐའེ་ཝན་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་པར་འཕྲད་སྲིད་པའི་དཀའ་ངལ་མཐའ་དག་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་པར་གསུངས་འདུག