ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་འདུ།

རྩོམ་པ་པོ་སོགས་ཁྱོན་མི་གྲངས་བཞི་བཅུ་ཕེབས་ཡོད་པ་རེད།

ཚོགས་འདུ་འཚོག་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ྋགོང་ས་མཆོག་གིས་ཉེ་ཆར་བོད་ཕྲུག་རྣམས་ཀྱིས་ཤེས་ཡོན་ལ་དོ་སྣང་ཆེ་རུ་གཏོང་དགོས་སྐོར་དང༌། རིགས་གཅིག་རྐང་འཛིན་པ་མང་པོ་ཐོན་ཐུབ་པ། ཤེས་ཡོན་ཐད་འཐུས་ཤོར་འགྲོ་ཡི་ཡོད་ལུགས་བཀའ་ཕེབས་པ་གཞིར་བཟུང་བ་ཞིག་ཡིན་པ་རེད། དེའི་ནང་གི་བསམ་འཆར་འདོན་མཁན་རྣམས་ཀྱིས་རིགས་གཅིག་རྐང་འཛིན་དང༌། འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་བྱེད་མཁན་རྣམས་ལ་གཞུང་ནས་དམིགས་བསལ་རྒྱབ་སྐྱོར་དང༌། གཟེངས་བསྟོད་དགོས་ཚུལ་གསུང་མཁན་འདུག་པ་མ་ཟད། ཤེས་ཡོན་ཕྲན་བུ་ཡོད་མཁན་རྣམས་གཞུང་གིས་བདག་པོ་རྒྱག་ཐུབ་པ་དགོས་སྐོར་གསུང་མཁན་ཡང་འདུག གཞན་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་འཐུས་ཤོར་ཐད་ཕྱི་ལོགས་ནས་བསྐྱར་ཞིབ་བྱེད་མཁན་གདན་འདྲེན་ཞུ་དགོས་སྐོར་དང༌། འཐུས་ཤོར་མི་འགྲོ་བའི་གནད་འགག་གཙོ་བོ་ནི་སློབ་གྲྭའི་སློབ་སྤྱི་དང༌། དགེ་རྒན་ཚད་ལྡན་དེ་འདྲ་གསོ་སྐྱོང་དང༌། འཚར་ལོངས་འབྱུང་ཐུབ་པ་བྱེད་དགོས་སྐོར། ཡང་ཁ་ཅིག་གིས་སེར་མོ་བ་མ་ཡིན་པའི་མི་སྐྱའི་སྤྱི་ཚོགས་ནང་དུ་ནང་ཆོས་ཀྱི་གོ་རྟོགས་དམན་པའི་རྐྱེན་གྱིས་ནང་ཆོས་སྐོར་དྲི་བ་འདྲི་མཁན་བྱུང་དུས། ལན་རྒྱག་མི་ཤེས་པའི་གནས་སྟངས་སོགས་ཡོང་གི་འདུག་པས། མི་སྐྱའི་སྤྱི་ཚོགས་ནང་དུ་ནང་ཆོས་ཀྱི་གཞི་རྐང་གཙོ་བོ་རིག་ལམ་ནས་ཡག་པོ་སློབ་ཁྲིད་བྱེད་དགོས་པ་སོགས་བསམ་ཚུལ་ལྷུག་པོ་འདོན་མཁན་བྱུང་སོང༌།