ང་དང་ངའི་ཨ་མ།

ང་སྟེ། ནམ་ཡང་རིག་གཞུང་དང་ལྟ་གྲུབ་ཞིག་ལ་མགོ་བོ་འཁོར་ཞིང་། མིག་སྔར་ཐོབ་རྒྱུ་མེད་པའི་དངོས་པོ་ཧ་ཅང་མང་པོ་ཞིག་ལ་རིགས་པ་ཟེར་བའི་ཐ་སྙད་རྫིག་པོ་དེའི་འོག་ནས་དོན་དངོས་དང་མཐུན་མིན་ཅི་རིགས་ཀྱིས་སྐད་ཆ་མང་པོ་བཤད་བཞིན་པའི་གྲྭ་རྐྱང་ཞིག་ཡིན།། ངའི་ཨ་མ་སྟེ། ས་ཆེན་འདིར་ཕེབས་པ་ནས་རིག་གཞུང་དང་རིག་གནས་སོགས་ཀྱི་ཐ་སྙད་གོ་མ་མྱོང་ལ་། རྣམ་དག་རིགས་ལམ་ཕྲ་མོས་གཞི་ལམ་གྱི་ལྟ་གྲུབ་སོགས་ལ་བགྲོ་གླེང་དེ་བས་ཀྱང་བྱེད་མ་མྱོང་།  ཡིན་ཡང་་ང་དང་ངའི་ཨ་མའི་བར་ན་་་་་་་བླ་མེད་སེམས་ཀྱི་འཁྱེར་སོ་དང་། རིན་བྲལ་ཀུན་ཕན་གྱི་བྱ་སྤྱོད། རང་མཉམ་འགྲོ་བའི་ཐུགས་ཁུར། མདོར་ན་དམར་ཆུང་སེམས་ཀྱི་འཁོར་ཕྱོགས་ནས།་  ལུས་ངག་གི་རྣམ་འགྱུར་དང་བྱ་སྤྱོད་ཡོད་ཚད་ལ་ཁྱད་པར་ཧ་ཅང་གི་ཆེ་བར་གྱུར། དེའི་རྒྱུ་མཚན་གང་ཞིག་ཡིན་ནམ། ཤ་ཉེ་ཚོ།།