ཐུགས་འཚབ།
དེ་ཡང་དགེ་རྒན་ཚད་ལྡན་མེད་པས་ཡིག་ལུགས། དགེ་རྒན་བསྐོ་སྟངས་དེ་ཡང་སློབ་སྤྱིས་ག་རེ་བྱས་བྱས་ཡིན་པ། དཔེར་ན་སུམ་རྟགས་དགེ་རྒན་གྱིས་ཟླ་བ་གསུམ་གྱི་རིང་སློབ་ཚན་ཁྲིད་ཡོད་ནའང་དོན་ལ་ཕན་པ་ཚིག་གཅིག་བྱུང་མ་སོང་ཞེས་དགེ་རྒན་དེའི་སློབ་མ་ཡོངས་ཀྱིས་ཁ་གཅིག་གྲགས་ བྱེད་ཀྱི་ཡོད་པ། མ་ཚད་བདུན་རེའི་ཉིན་གཉིས་ཀྱི་སུམ་རྟགས་སློབ་ཚན་དེར་རང་སྦྱོང་དང་དཔེ་མཛོད་ དུ་གཏོང་གི་ཡིན་པར་འཛིན་གྲྭ་གཅིག་གི་སློབ་མ་ཡོངས་ཀྱིས་ཐག་གཅོད་བྱས་ཡོད་འདུག ད་དུང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ། སློབ་ཕྲུག་གི་དགེ་རྒན་ལ་ཡར་སློབ་འཁྲིད་བྱས་པ། སློབ་སྤྱིས་སློབ་ཕྲུག་ཚོ་ལ་རོགས་སྐྱོར་ཞུས་པ་སོགས་གོ་རྒྱུ་འདུག་པའི་དེ་དག་གི་ཐོག་དྲ་གྲོགས་རྣམ་པ་ཚོ་ཐུགས་འཚབ་འདྲ་ཡོད་དམ།