amdopanda@yahoo.com

ཨ་ཁུ་བསམ་གཏན་གྱིས་བཤད་རྒྱུར་ད་ནང་ཞོགས་པ་སྔ་བོར་སྒོ་ལྕག་ཕྱེ་བཞིན་པའི་སྒྲ་ཞིག་ངས་གོ་སོང་ཡང་། ཡིན་ན་ཡང་སྙིང་དགས་འདི་འདྲ་ཞིག་བཟོ་གི་བསམ་པའི་སྣང་བ་སྐྱེས་མ་སོང་། ཡིན་ཡང་མོ་ནི་བྲོས་ཚར་བ་རེད། དངོས་པོ་འདྲ་ཁྱེར་ཡོད་མེད་གཅིག་ལྟོས་དང་། གལ་སྲིད་དངོས་པོ་འདྲ་ཁྱེར་ཡོད་ན་ཨ་ཕ་དང་ཁོང་ཚོ་ཚང་མ་ལྷ་ས་ནས་སླེབས་དུས་ཅི་བཤད་རྒྱུ་ཡིན་ཞེས་ཁོང་ཚོས་སེམས་ཁུར་བྱེད་ཀྱི་ཡོད། སྤྱིར་ང་རང་ལ་ཚོན་ན་སྲུ་མོ་སྙིང་དགའ་ནི་ཁྱིམ་ཚང་འདིའི་ནང་དུ་མནའ་མ་རུ་ནམ་ཡོང་མིན་མི་ཤེས། འོན་ཀྱང་ངས་ནམ་རྒྱུན་མོ་རང་ལ་ཨ་ཅེ་ཞེས་འབོད་ཀྱི་ཡོད། ངའི་སེམས་ནང་ལའང་ཨ་ཅེ་ལྟ་བུའི་བརྩེ་བ་ཡོད། ངོས་ནས་མོ་ལ་ཤ་ཚ་ཡི་ཡོད། མོས་སྐབས་དེར་སེམས་ལ་ཅི་དྲན་ཡོད་མེད་གསལ་བོ་མི་ཤེས་མོད་ཁྱིམ་ཚང་འདི་ནས་འདུག་འདོད་མེད་པའི་རྣམ་འགྱུར་ནི་བསྟན་ཚར་བ་རེད། ངའི་སེམས་ཀྱི་ཨ་ཅེ་ཆེ་བ་སྐབས་དེ་ནས་ང་ཚོ་དང་ཁ་བྲལ་བ་རེད། ཡིན་ཡང་སྐབས་རེར་ངས་ནམ་རྒྱུན་དྲན་མྱོང་ཡོད། དྲན་ཡང་ལོ་ཆུང་ཆུང་ང་འདྲ་བས་མོ་རང་ནང་དུ་བསུ་རྒྱུའི་ཐབས་ལམ་མེད་པ་མ་ཟད་ཁྱིམ་ཚང་གི་མནའ་མའི་སྐོར་གྱི་རྒྱུ་མཚན་ཅི་ཡང་མི་ཤེས།