amdopanda@yahoo.com
དེ་ རིང་ནི་རིག་གནས་གསར་བརྗེ་བྱས་ནས་ལོ་ངོ་བཅོ་ལྔ་ནས་ཉི་ཤུ་སོང་ཏེ་གཞི་ནས་རྒྱལ་ ཁབ་ཀྱིས་གཞུང་བཞེས་བྱས་པའི་རྟ་ནོར་ལུག་གསུམ་དང་། ར་ཕག་གཞིས་ཀ། ས་ཞིང་སོགས་སྒེར་ལ་དབང་བའི་བཀྲ་ཤིས་པའི་གཏམ་བཟང་གི་ཉིན་མོ་ཞིག་རེད། རྒན་གཞོན་ཕོ་མོ་ཚང་མ་ཞོགས་པ་ནས་ལངས་ཏེ་གྲོང་ཚོའི་ཐོན་སྐྱེད་རུ་ཁག་གི་ར་ སྐོར་ནང་དུ་འཛོམས་ནས་བགོ་བཤའ་ལ་སྒུག་ཡོད། སྐབས་དེར་ང་རང་ལོ་དྲུག་ནས་བདུན་གྱི་བྱིས་པ་ཆུང་ཆུང་གཅིག་ཡིན་པས་ན་རྒྱུ་ དངོས་སྒེར་ལ་བགོ་བཤའ་རྒྱག་བཞིན་པའི་གནས་ཚུལ་རྨི་ལམ་འདྲ་ཞིག་མ་གཏོགས་ཡིད་ལ་ མི་དྲན་མོད། གནས་ཚུལ་རྨི་ལམ་འདྲ་བོ་རྟོགས་ཙམ་དེ་ངས་ནམ་ཡང་སེམས་ནས་བརྗེད་གཡེང་མི་འདུག