གསར་འགྱུར་གནད་བསྡུས་ཁག

བར་ཁམས་རོང་པོའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༤ ཉིན་གྱི་ཕྱི་དྲོར་རྡོ་རྗེ་གདན་དུ་དགེ་བཤེས་བསྟན་འཛིན་ཀླུ་སྒྲུབ་ཀྱིས་བརྩམས་པའི་<<བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་བར་ཁམས་རོང་པོ་ཁུལ་གྱི་ལོ་རྒྱུས་དགའ་སྐྱོ་འདྲེན་པའི་དབྱར་རྔ་>>ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

རྒྱས་པར་གཟིགས།

རྒྱ་གར་གྱི་འོས་བསྡུའི་ནང་ཆོས་ལུགས་བེད་སྤྱོད་བྱེད་མི་ཆོག་པ་བཟོས་འདུག

རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་འོས་བསྡུའི་སྐབས་ཆོས་ལུགས་དང་རིགས་རུས། སྐད་ཡིག སོགས་ཀྱི་མིང་བེད་སྤྱོད་བྱས་ཏེ་འོས་ཤོག་རག་ཐབས་བྱེད་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་འདུག

རྒྱས་པར་གཟིགས།

༧གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གལ་ཆེན་ཡིན་གསུངས་སོང་།

ཟླ་འདིའི་ཚེས་༣༡ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་མཐོ་སློབ་དང་སློབ་གྲྭ་ཆེ་འབྲིང་༢༠ ཙམ་གྱི་སློབ་མར་༧གོང་ས་མཆོག་གིས་བདེ་སྐྱིད་ལྡན་པའི་མི་ཚེའི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད།

རྒྱས་པར་གཟིགས།

ཕྱི་ལོ་༢༠༡༦ ལོའི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་བཅུ།

༡) ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་མང་གཙོ་ཡར་ཐོན་ཚོགས་པར་ཐོབ།

ཟླ་༡ པོའི་ཚེས་༡༦ ཉིན་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། རྒྱ་ནག་ལས་ལོགས་སུ་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་ཤུགས་ཆེན་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་དབྱིན་ཝེན་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས། ཐའེ་ཝན་གྱི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མར་དེ་ཆགས།

རྒྱས་པར་གཟིགས།

ཨི་ཟི་རིལ་གྱིས་ཕམ་ཁ་ཁུར་མ་ཐུབ་པ།

ཨི་ཟི་རིལ་གྱིས་རྒྱལ་སྤྱིའི་ཁྲིམས་དང་འགལ་ནས། པེ་ལི་སི་ཐན་གྱི་ས་ཆར་གཞིས་ཆགས་འཛུགས་ཀྱི་ཡོད་པ་དེ་མཚམས་འཇོག་དགོས་པའི་གྲོས་ཆོད་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པ་དང་། ཨི་ཟི་རིལ་གྱིས་གྲོས་ཆོད་དེ་ངོ་ཚ་མེད་པའི་བྱ་སྤྱོད་ཅིག་ཡིན་པས་རྒོལ་ལན་སློག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རྒྱས་པར་གཟིགས།

༧གོང་ས་མཆོག་གིས་ཁྱེད་རང་ཚོ་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཞེས་གསུངས།

ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་༸གོང་ས་མཆོག་གིས་བོད་ནས་གནས་མཇལ་དུ་བཅར་བའི་བོད་མི་རྣམས་ལ་དམིགས་བསལ་བཀའ་སློབ་གནང་བ་དང་། ཁོང་ཚོ་ནི་མང་ཆེ་བ་རྒྱ་གར་དུ་གནས་མཇལ་ལ་ཡོང་ཡང་། རྒྱ་ནག་གཞུང་གིས་གང་མགྱོགས་ཕྱིར་ལོག་དགོས་པའི་བཀོད་ཁྱབ་བཏང་བས། གསུང་ལ་ཉེ་བའི་རྡོར་གདན་གྱི་དུས་དབང་ཞུ་མི་ཐུབ་མཁན་ཚོ་ཡིན་པ་རེད།

རྒྱས་པར་གཟིགས།

བྷེལ་རྗམ་བོད་ཀྱི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས།

ཟླ་འདིའི་ཚེས་༡༦ ཉིན་བྷེལ་རྗམ་གྱི་རྒྱལ་ས་བྷུར་སལ་དུ་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག ། “བྷེལ་ཇམ་བོད་ཀྱི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས།” འཚོགས་ནས་༸གོང་ས་སྐྱབས་མགོན་རིན་པོ་ཆེར་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བཞེས་མཛད་ནས་ལོ་༢༧ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

ཁམས་སོག་རྫོང་གི་གྲོང་ཚོའི་ལྷ་ཁང་མང་པོ་རྒྱ་གཞུང་གི་གཏོར་བཤིག

རྒྱ་ནག་གཞུང་གིས་ཁམས་སོག་རྫོང་གི་གྲོང་ཚོའི་ལྷ་ཁང་མང་པོ་ཞིག་གཏོར་ནས་རྟེན་གསུམ་རྣམས་གཞུང་བཞེས་བཏང་ཡོད་པ་རེད།

རྒྱས་པར་གཟིགས།

དུས་དབང་སྐབས་དངུལ་གྱི་དཀལ་ངལ་སེལ་ཐབས།

ཐེངས་འདིའི་དུས་འཁོར་དབང་ཆེན་ཐེངས་༣༤ པར་ཆོས་ཞུ་བ་འབུམ་གཉིས་ལས་མང་བ་ཡོང་འཆར་ཡོད་འདུག་པས། སྐབས་དེར་རྒྱ་གར་གྱི་དཔལ་འབྱོར་ལས་ཁང་དང་དབུས་དངུལ་ཁང་གིས། དངུལ་གྱི་དཀའ་ངལ་སེལ་ཐབས་ལ་རོགས་སྐྱོར་བྱེད་འཆར་ཡོད་འདུག

རྒྱས་པར་གཟིགས།

གློ་སྨོན་ཐང་གི་རྒྱལ་པོ་མཐའ་མ་ཚེ་ལས་འདས་པ།

བལ་ཡུལ་གྱི་ནང་པའི་རྒྱལ་ཁམས་གློ་སྨོན་ཐང་གི་རྒྱལ་པོ་མཐའ་མ་འཇིག་མེད་རྡོ་རྗེ་དཔལ་འབར་བྷི་ས་ཏ་ལོ་༨༦ ཐོག་གྲོངས་ཡོད་འདུག་པ་དང་། བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊོར་མཆོད་འབུལ་སྨོན་ལམ་དང་། མི་མང་གིས་ཁོང་གི་ཕུང་པོ་ལ་མཇལ་ཁ་ཞུ་བཞིན་ཡོད་འདུག

རྒྱས་པར་གཟིགས།