གསར་འགྱུར་གནད་བསྡུས་ཁག

ལོ་ལྔའི་ནང་དྷ་ས་དེང་རབས་གྲོང་ཁྱེར་ཆགས་རྒྱུ་ཡིན་པ།

ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་ལྡི་ལིར། དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་བསྐྲུན་གྱི་རིམ་པ་གཉིས་པའི་ནང་དུ། འདེམས་ཐོན་བྱུང་བའི་གྲོང་ཁྱེར་༡༣ གྱི་མིང་ཐོ་བཏོན་ཡོད་འདུག་པ་དང། དྷ་ས་དེའི་ནང་འདེམས་ཐོན་བྱུང་ཡོད་པ་རེད།

རྒྱས་པར་གཟིགས།

དུས་དབང་གནང་རྒྱུའི་ཚེས་གྲངས་གཏན་ཁེལ།

དེ་སྔོན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་གདན་སར་ཕྱི་ལོ་ ༢༠༡༧ ཟླ་ ༡ པོའི་ནང་དུས་འཁོར་དབང་ཆེན་བསྩལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་ལྟར།

རྒྱས་པར་གཟིགས།

ཀོང་ཏུང་ཞིང་ཆེན་དུ་དྲག་ཆར་གྱི་གནོད་སྐྱོན།

ཉེ་ཆར་རྒྱ་ནག་ཀོང་ཏུང་ཞིང་ཆེན་དུ་དྲག་ཆར་ཤུགས་ཆེན་བབས་ཏེ་གྲོང་བརྡལ་༢༣ གྱི་མི་ཁྲི་༥༥ ཙམ་ལ་གནོད་སྐྱོན་བཟོས་ཡོད་པ་དང་། དེའི་ཁྲོད་མི་༨ འདས་གྲོངས་དང་མི་༤ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

རྒྱས་པར་གཟིགས།

བྱང་རྩེ་གྲྭ་ཚང་ཚན་རིག་སྡེ་ཚན་གྱི་ཚོགས་ཁང་དང་འཛིན་ཁང་གསར་བཞེངས།

ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་ཚན་རིག་སྡེ་ཚན་གྱི་ཚོགས་ཁང་དང་འཛིན་ཁང་བཅས་གསར་བཞེངས་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་སོང་། དེ་ཡང་ཉིན་འདིའི་སྔ་དྲོ་ཆུ་ཚོད་༨ པའི་ཐོག་འདུ་ཁང་སྒོ་འབྱེད་ཀྱི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་དང་།  མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་པ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་དང་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་པོ་མཁན་ཟུར་རྣམ་པ། མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ནས་ཕེབས་པའི་ཚན་རིག་གི་དགེ་རྒན་ཁག་གཅིག  དེ་བཞིན་བོད་པའི་ཚན་རིག་དགེ་རྒན་དང་གདན་ས་གྲྭ་ཚང་ཁག་གི་ཚན་རིག་སློབ་གཉེར་གནང་མཁན་གྲྭ་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད། ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེས་དར་ཚོན་གཅོད་འབྲེག་དང་འབྲེལ་ཚོགས་ཁང་སྒོ་འབྱེད་ཀྱི་ལས་རིམ་གྲུབ་པ་དང་སྐུ་མགྲོན་དང་ཚོགས་ཞུགས་པ་ཡོངས་ཚོགས་ཁང་ནང་བཞུགས་གྲལ་དུ་འཁོད་མཚམས་སུ་དགའ་བྱང་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་ཆོས་དབྱངས་ ཀྱིས་དགའ་བྱང་ཚན་རིག་སྡེ་ཚན་གྱི་ཚོགས་ཁང་འཛིན་ཁང་བཅས་གསར་བཞེངས་ཀྱི་བརྒྱུད་རིམ་དང་འདི་ལྟར་ལེགས་གྲུབ་བྱུང་བའི་མཐུན་འགྱུར་གནང་མཁན་སྦྱིན་བདག་དང་འབྲེལ་ཡོད་གྲྭ་ཚང་དང་ལས་ཀྱི་སྣེ་མོ་ཡོངས་ཀྱི་བཀའ་དྲིན་སྐོར་དང་།

རྒྱས་པར་གཟིགས།

བོད་ཀྱི་འཐབ་རྩོད་དེར་ནམ་ཡང་གྲུབ་འབྲས་ཐོན་གྱི་མ་རེད་ཟེར།

དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་པས། བོད་པ་ཚོར་བོད་དོན་དེ་རེ་བ་མེད་པས་ནམ་ཡང་སེལ་ཐུབ་ཀྱི་མ་རེད་ཅེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དག་ལ་བརྗོད་འདུག

རྒྱས་པར་གཟིགས།

རྒྱ་ནག་གིས་ཡུལ་སྐོར་སྤྲོ་འཆམ་པར་ངོ་ཚ་བཟོ་འཆར།

བོད་ནང་དུ་ཡོད་པའི་རྒྱ་ནག་གི་ལས་བྱེད་ཚོས། བོད་ཕྱོགས་ཀྱི་རི་བོ་ཇོ་མོ་གླང་མར་ཡོད་པའི་རྡོ་རིང་སོགས་ཀྱི་སྟེང་དུ་རི་མོ་དང་ཡི་གེ་འབྲི་མཁན་ཚོ། བརྒྱུད་ལམ་ཁག་ཏུ་མིང་འབོད་བྱས་ནས་ངོ་ཚ་བཟོ་འཆར་ཡོད་འདུག

རྒྱས་པར་གཟིགས།

སྟེང་ཆེན་དུ་ས་ཡོམ་བརྒྱབ་ཡོད་འདུག

བོད་ཆབ་མདོ་ས་ཁུལ་དུ་ས་འགུལ་རིམ་ཚད༥ ༥ ཅན་ཞིག་བརྒྱབ་སྟེ། མི་གྲངས་༦༠ ལྷག་ལ་རྨས་སྐྱོན་བྱུང་བྱུང་ཡོད་པ་དང་། མི་ལ་སྲོག་སྐྱོན་བྱུང་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་རེད།

རྒྱས་པར་གཟིགས།

བློ་གསལ་གླིང་གི་རྩོད་རིགས་ཕུལ་བྱུང་གི་བྱ་དགའ།

ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདི་ལོའི་འཛི་གྲྭ་གོང་འོག་དབར་གཞུང་དོན་ཟབ་མོར་ལུང་རིགས་བདར་ཤ་བཅད་ནས་ཕུལ་བྱུང་གི་གཟེངས་བསྟོད་བཞེས་མཁན་ཚོར་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འབྲས་བློ་གླིང་ཆོས་རྭ་གསར་པའི་ནང་འཚོགས་སོང་། དེ་ཡང་དཔྱད་ཆོས་ཆེན་མོ་ཟླ་ཆོས་ནང་རྟགས་རིགས་འཛིན་གྲྭ་དང་།  ཕར་ཕྱིན་འཛིན་གྲྭ་བདུན། དབུ་མ་འཛིན་གསུམ། འདུལ་བ་འཛིན་གྲྭ་གསུམ་དང་།  མཛོད་འཛིན་གྲྭ་གཉིས་བཅས་འཛིན་གྲྭ་གོང་འོག་དབར་གཞུང་ཆེན་ཁག་སོ་སོར་གོ་རིགས་ལུང་གསུམ་གྱིས་སྒོ་ནས་འཛིན་གྲྭ་འཐབ་རེས་ཅེས་པ།  འཛིན་གྲྭ་གོང་འོག་ཡོངས་སུ་རྫོགས་པས་གཞུང་ཆེན་ལ་གོ་བ་དང་།  རིགས་པ།

རྒྱས་པར་གཟིགས།

ཆབ་སྲིད་བཙོན་པ་བློ་བཟང་བསྟན་པ་གློད་གྲོལ།

ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆབ་སྲིད་བཙོན་པ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་རྒྱ་ནག་གིས་བཙོན་ནས་གློད་གྲོལ་བཏང་སྟེ། ནང་དུ་འབྱོར་ཡོད་འདུག

རྒྱས་པར་གཟིགས།

རྒྱ་ནག་ནང་གི་ཕྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་ཁྲིམས་གསར།

རྒྱ་གཞུང་གི་གྲོས་ཚོགས་ཀྱིས་རྒྱ་ནག་ནང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་འབྲེལ་བའི་རྙོག་གླེང་ཅན་གྱི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ཡོད་པས། དེ་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་བྱུང་འདུག

རྒྱས་པར་གཟིགས།