ཆོས་ལུགས་སྤྱིའི་གནས་ལུགས་དང་ནང་ཆོས་ཀྱི་སྐོར། (སྡེ་ཚན་ལྔ་པ།)
༧གོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་མི་མང་ལ་བསྩལ་བའི་བཀའ་སློབ་ལས་སྒྲ་ཕབ་བྱས།
དེ་འདྲ་ཡིན་དུས་ང་ཚོས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་རིང་སེར་སྐྱ་མང་ཚོགས་མང་པོ་ཞིག་འཛོམས་བསྡད་ཡོད་རེད། དེ་བཞིན་རྒྱ་རིགས་ཆོས་གྲོགས་ཚོས་མཚོན་པའི་ཕ་མེས་ནས་ནང་པའི་ཆོས་པ་ཡིན་པ། དེ་བཞིན་ཁྱེད་རང་ཚོ་ནུབ་ཕྱོགས་པའི་མི་ཕ་མེས་ནས་ནང་པའི་ཆོས་པ་མ་རེད་དེ།

ལྟ་གྲུབ་སྐོར་ད་བར་གྲོས་བསྡུར་བྱས་པ་ཐམས་ཅད་འཛམ་གླིང་ཆོས་ལུགས་ཡོངས་རྫོགས་ནས་གསུངས་པའི་ཚུལ་ཁྲིམས་ཀྱི་སློབ་ཁྲིད་དང་མཐུན་པ་ཞིག་རེད། འཛམ་གླིང་གི་ཆོས་ལུགས་ཆེན་པོ། དཔེར་ན་ནང་པའི་ཆོས་ལུགས། (Buddhism) དང་ཡི་ཤུའི་ཆོས་ལུགས། (Christianity)ཀོན་ཕུ་ཤས་ཀྱི་ཆོས་ལུགས། 