རྒྱལ་སྤྱི།

རྒྱ་ནག་དམར་ཤོག་ཚོགས་པའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་ཆོད་ནང་། ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཆ་སྲ་བརྟན་བཟོས་འདུག 

རྒྱ་ནག་གི་འགོ་ཁྲིད་ཚོས་དམར་ཤོག་ཚོགས་པའི་ལོ་བརྒྱའི་ལོ་རྒྱུས་དང་འབྲེལ་བའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་ཆོད་གསར་པ་ཞིག་གཏན་ལ་ཕབ་པའི་ནང་། ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཚད་སྲ་བརྟན་བཟོས་ཏེ། ༢༠༢༢ ལོར་ཁོའི་ལས་ཡུན་གཉིས་པ་རྫོགས་དུས་མུ་མཐུད་སྲིད་ཀྱི་དབང་ཆ་འཛིན་ཆོག་པའི་ལམ་ཁ་བཏོད་ཡོད་འདུག 

རྒྱས་པར་གཟིགས།

རྒྱ་ནག་གིས་༧གོང་ས་མཆོག་“སྒེར་”གྱི་གནད་དོན་སྐོར་ལ་གྲོས་མོལ་བྱེད་འདོད་ཡོད་ཟེར།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ལྷན་དུ་“སྒེར་གྱི་མ་འོངས་པའི་”སྐོར་ལ་གྲོས་མོལ་བྱེད་པའི་“སྒོ་ཕྱེ་ནས་ཡོད་”རུང་། བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་གྲོས་མོལ་བྱེད་རྒྱུ་མིན་ཞེས་བཤད་ཡོད་འདུག 

རྒྱས་པར་གཟིགས།

ཐའེ་ལན་ཌའི་ཁྲིམས་ཁང་རྒྱལ་པོའི་རྒྱབ་ཏུ་ལངས་འདུག 

འཛམ་གླིང་ནང་རྒྱལ་པོ་དང་དེའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དམ་ཤོས་དེ་ཐའེ་ལན་ཌ་རྒྱལ་ཁབ་ནང་དུ་ཡོད་པ་དང་། ཐེངས་འདིར་རྩ་ཁྲིམས་ཀྱི་ཁྲིམས་ཁང་ནས་གཞོན་སྐྱེས་ལས་འགུལ་བ་ཚོས་རྒྱལ་པོའི་དབང་ཚད་སོགས་ཀྱི་ཁྲིམས་བསྐྱར་བཅོས་དགོས་པའི་དགོས་འདུན་བཏོན་པ་དེ་ནི་རྩ་ཁྲིམས་དང་འགལ་བ་ཡིན་པ་མ་ཟད། རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པ་དང་གཅིག་མཚུངས་ཡིན་སྐོར་གྱི་ཉེན་ཁ་ཆེ་བའི་ཐག་གཅོད་བྱས་ཡོད་འདུག 

རྒྱས་པར་གཟིགས།

ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་ལྷག་པའི་སྐྱབས་བཅོལ་བའི་དཀའ་ངལ། 

ཡུ་རོབ་ཀྱི་རྒྱལ་ཁབ་པཱོ་ལན་ཌ་དང་བྷེ་ལ་རུ་གཉིས་ཀྱི་ས་མཚམས་སུ། སྐྱབས་བཅོལ་བ་མང་པོ་ཞིག་བྷེ་ལ་རུ་ནས་པཱོ་ལན་ཌ་ལ་འགྲོ་ཐབས་བྱེད་བཞིན་འདུག་ཀྱང་། པཱོ་ལན་ཌ་ཡིས་བཀག་འགོག་བྱེད་བཞིན་འདུག་པས། སྐྱབས་བཅོལ་བ་རྣམས་ལ་ཟས་གོས་གནས་མལ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག 

རྒྱས་པར་གཟིགས།

ཨ་རིས་རྒྱ་ནག་གཞུང་ལ་གསར་འགོད་པ་ཧྲང་ཧྲན་“འཕྲལ་དུ་གློད་གྲོལ་”གཏོང་བའི་དགོས་འདུན་བཏོན་འདུག 

ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་མི་སེར་གསར་འགོད་པ་(citizen journalist) ཧྲང་ཧྲན་(Zhang Zhan) གྱི་ནད་གཞིའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་ལ་ཁོང་“ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་”པའི་དགོས་འདུན་བཏོན་ཡོད་འདུག  

རྒྱས་པར་གཟིགས།

རྒྱལ་སྤྱིའི་སྟེང་དུ་“ཐའེ་ཝན་གཅིག་གི་སྲིད་བྱུས་”ཐོག་མར་གླེང་སློང་བྱེད་འགོ་བརྩམས་འདུག

 རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ནང་། རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་བའི་སྲིད་བྱུས་ལ་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པའི་སྐབས་འདིར། ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic) ཀྱི་ཆབ་སྲིད་པ་དང་ཉམས་ཞིབ་པ་ཞིག་གིས་ཡུ་རོབ་ནས་“ཐའེ་ཝན་གཅིག་གི་སྲིད་བྱུས་”ཕྱིར་བསྒྲགས་བྱེད་དགོས་པའི་འབོད་སྐུལ་བྱས་འདུག 

རྒྱས་པར་གཟིགས།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཡུ་རོབ་ལ་ཉེན་བརྡ་བཏང་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ད་ལྟའི་ཆར་ཡུ་རོབ་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་པས། དེ་ལ་བརྟེན་ནས་ཁུལ་དེར་ནད་རླབས་བཞི་པ་སླེབས་ནས་མི་ས་ཡ་ཕྱེད་ཀ་ལྷག་ཙམ་གྱི་ཚེ་སྲོག་ཤོར་སྲིད་པའི་ཉེན་བརྡ་བཏང་འདུག 

རྒྱས་པར་གཟིགས།

ཡུ་རོབ་གྲོས་ཚོགས་ཀྱིས་ཐའེ་ཝན་“ཡུ་རོབ་ཁྱོད་དང་ལྷན་དུ་ཡོད་”ཅེས་བཤད་འདུག 

རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཀྱིས་ཐའེ་ཝན་ལ་“ཁྱོད་རང་ཁེར་རྐྱང་མ་རེད། ཡུ་རོབ་ཁྱོད་དང་ལྷན་དུ་ཡོད་”ཅེས་བཤད་དེ། ཐའེ་ཝན་དང་ཡུ་རོབ་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱས་པར་གཟིགས།

ཨི་རན་གྱི་རྡུལ་མཚོན་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱེད་རྒྱུ་ཡིན་འདུག 

ཨི་རན་གྱི་རྡུལ་མཚོན་གྲོས་མོལ་གྱི་སྤྱི་ཁྱབ་སྐུ་ཚབ་ཀྱིས་རྒྱལ་ཁབ་དེ་དང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་གཞན་བར། རྡུལ་མཚོན་ལས་གཞིའི་ཐོག་གི་གྲོས་མོལ་བསྐྱར་དུ་འགོ་འཛུགས་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ད་ལྟའི་ཆར་གྲོས་མོལ་ནང་ཨ་རི་མེད་པ་རེད།

རྒྱས་པར་གཟིགས།

ཡུ་རོབ་གྲོས་ཚོགས་ཀྱིས་ཐའེ་ཝན་ལ་ལོ་རྒྱུས་ཁྲོད་ཀྱི་སྐུ་ཚབ་ཆེས་ཐོག་མ་དེ་བཏང་འདུག

འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་རང་བཞིན་ཇེ་གསལ་དུ་གྱུར་ནས་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་བར་དུ་འགལ་ཟླ་ཇེ་མང་དང་ཇེ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཡུ་རོབ་གྲོས་ཚོགས་ནས་ཐའེ་ཝན་ལ་ལོ་རྒྱུས་ཁྲོད་ཀྱི་སྐུ་ཚབ་ཆེས་ཐོག་མ་དེ་བཏང་འབྱོར་བྱུང་ཡོད་འདུག 

རྒྱས་པར་གཟིགས།