རྒྱལ་སྤྱི།

རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་སྔར་འབྱུང་མྱོང་མེད་པའི་གནམ་གྲུ་མང་པོ་ཞིག་བཏང་བར་ཨ་རིས་སྐྱོན་བརྗོད་དྲག་པོ་བྱས་འདུག 

རྒྱ་ནག་གིས་གཟའ་མཇུག་རིང་དེ་སྔོན་གཏན་ནས་བྱུང་མྱོང་མེད་པའི་གནམ་གྲུ་༩༣ ཐའེ་ཝན་གྱི་མཁའ་དབྱིངས་སུ་བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུའི་འཇིགས་སྐུལ་བྱས་རྗེས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་དང་། བྱ་སྤྱོད་དེ་“རྩིས་ལོག་ཐེབས་པ་”ཞིག་ཡིན་པའི་ཉེན་བརྡབ་དང། དེ་བཞིན་ཨ་རིས་མུ་མཐུད་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག   རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་ཉིན་ཏེ་ཟླ་༡༠ པའི་ཚེས་༡ ཉིན་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་༣༨ 

རྒྱས་པར་གཟིགས།

ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་རྒྱལ་མཚམས་ཀྱི་སྒོ་ཕྱི་ཟླ་༡༡ ནས་འབྱེད་འཆར་ཡོད་འདུག  

ཨོ་སི་ཁྲུ་ལི་ཡས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19) འགོག་ཆེད་ཟླ་བ་བཅོ་བརྒྱད་རིང་རྒྱལ་མཚམས་དམ་པོར་བསྡམས་རྗེས། ཟླ་བ་རྗེས་མ་ནས་སྔོན་འགོག་གི་ཁབ་བརྒྱབ་ཟིན་པའི་མི་རྣམས་ཡོང་དུ་འཇུག་འཆར་ཡོད་འདུག ཨོ་སི་ཁྲུ་ལི་ཡ་ནི་ནད་ཡམས་སྔོན་འགོག་ཆེད་དུ་རྒྱལ་མཚམས་དམ་ཤོས་སྡོམ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་དེ། ད་ལྟའི་ཆར་དམིགས་བསལ་གྱི་ཆོག་མཆན་ཡོད་པའི་མི་དང་མི་སེར་ཁོ་ན་ལས་རྒྱལ་ཁབ་ནང་ལ་ཡོང་དུ་འཇུག་གི་མེད་ལ། དེ་བཞིན་དམིགས་བསལ་གྱི་ཆོག་མཆན་མེད་པར་ཨོ་སི་ཁྲུ་ལི་ཡ་ནས་ཕྱིའི་རྒྱལ་ཁབ་ཏུའང་འགྲོ་མི་ཆོག་པ་བཟོས་ཡོད།  ཨོ་སི་ཁྲུ་ལི་ཡའི་གཞུང་གིས་ཐོག་མར་ནད་ཡམས་བཀག་འགོག་ཆེད་དུ་རྒྱལ་མཚམས་བསྡམས་ནས་འགྲུལ་པ་འགྲོ་འོང་མི་ཆོག་པའི་སྒྲིག་ཁྲིམས་དམ་པོ་དེ་གཏན་ལ་ཕབ་དུས། དེར་མི་མང་རྣམས་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ན་ཡང་། སྲིད་བྱུས་དེ་ཁྱིམ་ཚང་མང་པོ་ཞིག་གི་ནང་མི་འདུ་འཛོམས་བྱེད་དུ་མི་འཇུག་པའི་བཀག་རྡོར་གྱུར་བར་བརྟེན།

རྒྱས་པར་གཟིགས།

ཉི་ཧོང་གི་སྲིད་བློན་གསར་པ་འདེམས་ཐོན་བྱུང་འདུག 

ཉི་ཧོང་གི་གཞུང་འཛིན་སྲིད་དོན་ཚོགས་པའི་འགོ་ཁྲིད་འོས་བསྡུའི་ནང་དུ། ཕྱི་སྲིད་བློན་ཆེན་ཟུར་པ་ཞིག་ལ་རྒྱལ་ཁ་ཐོབ་འདུག་པས། ཁོང་སྲིད་བློན་གསར་པ་ཆགས་རྒྱུ་གཏན་འཁེལ་ཡིན་ཡང་། ལོ་མཇུག་གི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་རྒྱལ་ཁ་ལེན་དགོས་པའི་གནོན་ཤུགས་ཆེན་པོ་ཡོད་པ་རེད་འདུག 

རྒྱས་པར་གཟིགས།

འཇར་མན་གཞུང་གིས་རྒྱ་ནག་གི་ཁ་པར་ལ་རྟོག་ཞིབ་བྱེད་བཞིན་ཡོད་འདུག 

དེ་སྔོན་ལཱི་ཐུ་ནི་ཡཱ་ཡིས་རྒྱ་ནག་གི་ཁ་པར་བེད་སྤྱོད་གཏོང་མི་ཉན་པའི་སྐུལ་མ་བྱས་ཡོད་པ་དང་། ཐེངས་འདིར་འཇར་མན་གྱི་དྲ་རྒྱ་བདེ་འཇགས་རྟོག་ཞིབ་ཁང་གིས་རྒྱ་ནག་གི་ཁ་པར་དེར་རྟོག་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱས་པར་གཟིགས།

མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་བའི་དགོས་འདུན་བཏོན་འདུག

སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༨ ཚོགས་བཞིན་པའི་ཐོག  ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་པའི་དགོས་འདུན་བཏོན་འདུག

རྒྱས་པར་གཟིགས།

རྒྱ་ནག་གཞུང་གིས་བུད་མེད་ཚོར་མངལ་འབྱིན་མི་ཆོག་པའི་ཁྲིམས་བཙན་པོ་གཏན་འབེབས་བྱེད་འཆར་ཡོད་འདུག 

རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོར་བུད་མེད་ཚོ་ལ་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་རྗེས། ད་ནི་བུད་མེད་ཚོས་མངལ་འབྱིན་མི་ཆོག་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་འཆར་ཡོད་འདུག 

རྒྱས་པར་གཟིགས།

ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་རྒྱ་ནག་དབུས་གཞུང་གི་དཔང་ཡིག་ལ་བསྟོད་བསྔགས་བྱས་འདུག 

ཉེ་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིས་ཧོང་ཀོང་ནང་དུ་ཐེ་བྱུས་གང་འདྲ་བྱས་པའི་དཔང་ཡིག་ཡིན་སྐོར་བརྗོད་ནས་དོན་ཚན་༡༠༠ ལྷག་ཡོད་པ་ཞིག་སྤེལ་འདུག་པས། ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་དཔང་ཡིག་དེ་དག་གིས་ཨ་རིའི་བྱ་ངན་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག 

རྒྱས་པར་གཟིགས།

ཨ་རིའི་གྲོས་ཚོགས་འོག་མས་ཐའེ་ཝན་གྱི་རྒྱལ་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་བའི་ཁྲིམས་གཏན་ལ་ཕབ་འདུག 

ཨ་རིའི་གྲོས་ཚོགས་འོག་མས་༢༠༢༢ ལོའི་རྒྱལ་སྲུང་གི་ཁྲིམས་(National Defense Authorization Act) གཏན་ལ་ཕབ་པའི་ནང་། “ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ཐའེ་ཝན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་སྦྱོང་ཆེན་མོ་(Pacific Rim Military Exercise) ལ་མཉམ་ཞུགས་བྱེད་དུ་འཇུག་པ་དང་། ཨ་རི་དང་ཐའེ་ཝན་གཉིས་ཀྱི་བར་དུ་དམག་འབྲེལ་ཟབ་ཏུ་བཏང་ནས་[ཤར་ཨེ་ཤི་ཡའི་]གླིང་ཕྲན་རྒྱལ་ཁབ་ཀྱི་རང་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་བར་རོགས་རམ་བྱེད་དགོས་པ་”ལ་སོགས་པའི་དོན་ཚན་རྣམས་བཀོད་ཡོད་འདུག 

རྒྱས་པར་གཟིགས།

འཇར་མན་ནང་ལྕམ་མཱེར་ཁེལ་གྱི་སྲིད་དོན་ཚོགས་པར་ཕམ་ཁ་བྱུང་འདུག 

ཡུ་རོབ་མཐུན་ཚོགས་ཀྱི་ནང་དུ་དཔལ་འབྱོར་དང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར། ལོ་ངོ་༡༦ རིང་སྲིད་བློན་ལས་ཁུར་བྱེད་མཁན་ལྕམ་མཱེར་ཁེལ་གྱི་སྲིད་དོན་ཚོགས་པར་ཕམ་ཁ་བྱུང་འདུག འོན་ཀྱང་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་ཞིག་ཡོང་བར་སྲིད་དོན་ཚོགས་པ་གཞན་གྱི་བར་དུ་གྲོས་མཐུན་ཡོང་རྒྱུར་ཟླ་བ་མང་པོ་འགོར་སྲིད་པ་རེད་འདུག  ཟླ་༩ པའི་ཚེས་༢༦ ཉིན་འཇར་མན་མི་མང་གིས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་མཉམ་ཞུགས་བྱས་འདུག་པ་དང་། འོས་བསྡུའི་གྲུབ་འབྲས་སུ་རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་ཆེ་གྲས་སུ་ཡིན་པའི་སྤྱི་ཚོགས་རིང་ལུགས་དང་མང་གཙོའི་སྲིད་དོན་ཚོགས་པར་འོས་གྲངས་མང་ཤོས་ཐོབ་ནས་ཨང་དང་པོ་ཆགས་ཡོད་འདུག དེ་ཡང་སྲིད་དོན་ཚོགས་པ་དེར་འོས་གྲངས་བརྒྱ་ཆ་༢༥.༧

རྒྱས་པར་གཟིགས།

ད་ལོ་ཡང་ལོ་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་གཟེངས་རྟགས་འཐོབ་མཁན་སོ་སོའི་རྒྱལ་ཁབ་ཏུ་འཚོགས་རྒྱུ་རེད་འདུག 

ནོ་སྦེལ་ཐེབས་རྩ་ཁང་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19) ཀྱི་དཀའ་ཉེན་ལ་བརྟེན་ནས་ད་ལོའི་རྩོམ་རིག་དང་ཚན་རིག་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་འཐོབ་མཁན་སོ་སོའི་རྒྱལ་ཁབ་ཏུ་འཚོགས་གཏན་འཁེལ་བ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག 

རྒྱས་པར་གཟིགས།