ཡུ་གུར་བ་ཚོས་ྋགོང་ས་མཆོག་ལ་ཕྱག་བྲིས་ཕུལ་མེད།
ྋགོང་ས་མཆོག་ལ་བོད་མི་རྣམས་ཡུ་གུར་བ་དང་ཟླ་སྒྲིལ་གྱིས་ཤིན་ཅང་གི་ཆེད་དུ་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་དགོས་པའི་ཕྱག་བྲིས་ཕུལ་ཡོད་པ་རེད་ཅེས། ཨ་རིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཞོན་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་མགྲིན་ཚབ་པའི་མཚན་ཐོག་ནས་གསར་ལམ་ཁག་དུ་གནས་ཚུལ་སྤེལ་ཡོད་པ་དང། ཟླ་འདིའི་ཚེས་༡༦ ཉིན་ཚོགས་པ་དེའི་གཉིས་ཀྱི་ངོས་ནས་གནས་ཚུལ་དེ་རྫུན་མ་རེད། ྋགོང་ས་མཆོག་ལ་ཡི་གེ་གཅིག་ཀྱང་ཕུལ་རྒྱུ་མ་བྱུང་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
རྒྱས་པར་གཟིགས།