རྒྱལ་སྤྱི།

བུད་མེད་གསར་འགོད་པ་གཉིས་འཇུ་བཟུང༌།

ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་བུད་མེད་གསར་འགོད་པ་གཉིས་བྱང་ཀོ་རི་ཡ་དང་རྒྱ་ནག་གི་ས་མཚམས་སུ་འཇུ་བཟུང་བྱས་ཡོད་པ་དང༌། བྱང་ཀོ་རི་ཡས་གསར་འགོད་པ་གཉིས་གློད་གྲོལ་གཏོང་བར་ཁྲིམས་གཏུགས་བརྒྱུད་དགོས་པ་ལས། རང་འཚམས་ཀྱིས་གློད་གྲོལ་གཏོང་རྒྱུ་མིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

ཤར་གླིང་ཨེ་ཤ་ཡར་ཞི་བདེ་ལྷིང་འཇགས་ཡོང་སྲིད་ཟེར།

ཟླ་འདིའི་ཚེས་༡༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། པཱ་ཀི་སི་ཐན་གྱི་གཞུང་དམག་གིས་ཏ་ལིན་བྷན་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་ལ་ཉེ་བ་དང༌། ཤྲཱིལངྐའི་དམག་དཔུང་གིས་སྟག་གྱེན་ལངས་ཚོགས་པའི་ས་ཁུལ་སྟངས་འཛིན་བྱེད་ལ་ཉེ་བ་ཡོད་པས། གལ་ཏེ་ཉེན་ཚབས་ཆེ་བའི་འཇིགས་སྐུལ་རིང་ལུགས་པའི་སྡེ་ཁག་གཉིས་དེ་རྩ་་མེད་གཏོང་ཐུབ་ན། ཤར་གླིང་ཨེ་ཤ་ཡར་ཞི་བདེ་ལྷིང་འཇགས་ཡོང་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱས་པར་གཟིགས།

ཨ་རིའི་མི་གཅིག་གསང་བའི་ཐོག་ལྕམ་ཨཱང་སན་སུན་ཅི་ལ་ཐུག་འཕྲད།

ཟླ་འདིའི་༧  ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨཱང་སན་སུན་ཅི་འབར་མའི་དམག་གཞུང་གི་དཔོན་རིགས་ཚོས་བཟང་བཙོན་བཀག་ཉར་བྱས་ཏེ་མི་ལོ་༡༩ འཁོར་ལ་ཉེ་བ་དང༌། ཟླ་འདིའི་ཚེས་༢༧ ཉིན་ཁོང་གིབཀག་ཉར་བཙོན་འཇུག་གི་དུས་ཚོད་རྫོགས་རྒྱུ་ཡིན་རུང༌། དམག་མིའི་གཞུང་གིས་སླར་ཡང་དམ་དྲག་བྱས་ཏེ་གློད་གྲོལ་གཏོང་འཆར་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱས་པར་གཟིགས།

དངུལ་ཁང་གི་ལས་བྱེད་ཟུར་པ་རྒྱ་རིགས་ཤིག་བཙོན་བཅུག

ཟླ་འདིའི་ཚེས་༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དངུལ་ཁང་གི་དོ་དམ་པ་ཟུར་པ་གཉིས་དང་ཁོ་གཉིས་ཀྱི་བཟའ་ཟླ་བཅས་མི་བཞིས། ཨ་རིའི་ཡུལ་མིའི་ལག་ཁྱེར་དང་ཐོངས་མཆན་ལག་ཁྱེར་རྫུན་མ་ཨ་སྒོར་ས་ཡ་༤༨༥ ཙམ་གྱི་ནག་ཚོང་བརྒྱབ་ཡོད་པ་ཨ་རིའི་གཞུང་གིས་ཤེས་རྟོགས་བྱུང་སྟེ། ཨ་རིའི་ཉེན་རྟོག་ལས་ཁུངསཀྱིས་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱ་ནག་གི་ཁོང་ཁྲོ་སྟོན་ཡུལ་གསུམ་ལ་རྒྱུ་མཚན་མི་འདྲ་བ་གསུམ།

རྒྱ་ནག་གིས་ཧྥ་རན་སི་དང་ཉིང་ཧོང་། མེག་ཛི་ཁོ་བཅས་ལ་རྒྱུ་མཚན་མི་འདྲ་བའི་གསུམ་གྱིས་ཞེ་འཁོན་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་དྲུག་པའི་ནང་ཧྥ་རན་སིའི་གྲོང་ཁྱེར་པ་རི་སིའི་ནང་༸སྐྱབས་མགོན་རིན་པོ་མཆོག་ལ་ཆེ་མཐོང་མི་སེར་ཕྱག་ཁྱེར་འབུལ་གྱི་ཡིན་པ་དང། དེ་ནི་ཧྥ་རན་སིའི་སྲིད་འཛིན་སར་ཀོ་ཛི་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་གཉིས་མཇལ་འཕྲད་བྱུང་ནས་བདུན་ཕྲག་ལྔ་མ་ཟིན་ཙམ་གྱི་རྗེས་སུ་ཡིན་པ་རེད། ཁོང་གཉིས་ཐུག་འཕྲད་སྐབས་བོད་དོན་གྱི་ལས་འགུལ་ལ་སེམས་ཤུགས་སྤར་བའི་ལས་ཀ་གང་ཡང་མི་བྱེད་པའི་དམ་བཅའ་བཞག་ཡོད་པར་བརྟེན། ད་ལྟ་ཧྥ་རིན་སིས་༸གོང་ས་མཆོག་ལ་མི་སེར་ཕྱག་ཁྱེར་འབུལ་བཞེས་གནང་རྒྱུ་ཡིན་པ་དེར་རྒྱ་ནག་ཧ་ཅང་གི་ཁོང་ཁྲོ་ལངས་དགོས་པའི་གནས་སུ་གྱུར་ཡོད་པ་རེད།

རྒྱས་པར་གཟིགས།

བལ་ཡུལ་སྲིད་བློན་དང་དམག་སྤྱིའི་ནང་འཁྲུག

ཟླ་འདིའི་ཚེས་༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་སྲིད་བློན་པུ་རཱ་ཅང་དཱ་མཆོག་གིས། བལ་ཡུལ་གྱི་དམག་སྤྱི་ཆེན་མོ་ཀ་ཏི་ཝལ་གྱིས་དབུས་གཞུང་གི་བཀོད་མངགས་ལ་བརྩི་སྲུང་མ་བྱས་པ་རྒྱུ་མཚན་དུ་བྱས་ནས། དམག་སྤྱི་ཆེན་མོའི་ལས་གནས་ནས་ཕྱིར་འཕུད་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།

རྒྱས་པར་གཟིགས།

ཕག་འཆམ་ནད་ཡམས་ཀྱི་ཉེན་ཁ།

ཟླ་འདིའི་ཚེས་༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་རྒྱལ་ཁབ་༡༦ ཙམ་ལ་ཁྱབ་བརྡལ་ཕྱིན་ཟིན་པའི་ཕག་འཆམ་ནད་ཡམས་འདིས་དེང་སྐབས་མི་མང་པོ་ཞིག་གི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང༌། འདི་ཉིད་འགོག་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ནས་རིན་མེད་ཐོག་ནས་སྨན་བཅོས་དང་ཁ་རས་སོགས་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད།     ཕག་འཆམ་ནད་ཡམས་འདིའི་འབྱུང་ཁུངས་དང་ནད་རྟགས་འགོག་ཐབས་སོགས། རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་འཐུས་མི་དང་ཚན་རིག་པ་སྨན་པ་བཅས་ཀྱིས་གནད་དོན་འགའ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

ཐེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་འཆར།

ཟླ་བ་༤ པའི་ཚེས་༢༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས། ཐེ་ཝན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ལྷན་ཚོགས་སུ་འཛུལ་ཞུགས་དགོས་པའི་མགྲོན་ཤོག་སླེབས་པ་བཞིན། ཐེ་ཝན་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་ཞུགས་འཆར་ཡོད་ཀྱང༌། རྒྱ་ནག་གཞུང་གིས་སྔོན་ལྟར་བཀག་འགོག་བྱེད་སྲིད་པ་དང༌། ཐེ་ཝན་གཞུང་གསར་པའི་ངོས་ནས་ཀྱང་བཀག་འགོག་བྱེད་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱས་པར་གཟིགས།

ཕྲུ་གུ་དམར་འབྱར་གྱི་ཤ་བྲོ་ལྡན་ཟས་རིཌ་ལ་ངོས་འཛིན།

ཟླ་འདིའི་ཚེས་༢༥ ཉིན། བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་སྒོར་སྟོང་ཕྲག་གསུམ་བཞི་ཙམ་གྱི་འགྲོ་གྲོན་བཏང་ནས་མངལ་དུ་ཟླ་བ་དྲུག་བདུན་ཙམ་ཕྱིན་པའི་ཕྲུ་གུའི་ཤ་ལ་རོལ་རྒྱུ་དེ། ཐའེ་ཝན་ཚོང་པ་ཚོས་བྲོ་བ་ལྡན་པའི་ཟས་རིགས་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག

རྒྱས་པར་གཟིགས།

ནང་ཆོས་ལ་ཐོས་བསམ་བྱེད་པར་བོད་ཀྱི་སྐད་ཡིག་ཡག་ཤོས་རེད།

ད་ཐེངས་ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན་ནས་ཟླ་འདིའི་ཚེས་༢༦ ཉིན་ྋགོང་ས་མཆོག་སན་ཏ་བྷ་ར་ནས་ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སི་སི་ཁོའི་ཤར་ཕྱོགས་སུ་ཡོད་པའི་བྷར་ཁ་ལེ་རུ་ཆིབས་སྒྱུར་གྱིས་དེར་ཡོད་བོད་རིགས་དང་སོག་རིགས། ཧི་མ་ལ་ཡའི་ནང་པ་སོགས་ལ་མཇལ་འཕྲད་གནང་ཡོད་པ་རེད།

རྒྱས་པར་གཟིགས།