ཨ་རིའི་སྲིད་འཛིན་ྋགོང་ས་མཆོག་དང་མཇལ་འཕྲད་ཞུ་མི་ཆོག་ཟེར།
ཟླ་འདིའི་༢༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་བ་༡༠ ནང་ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་དེར། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ྋགོང་ས་མཆོག་དང་མཇལ་འཕྲད་བྱེད་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཆིན་ཡུས་ཀྱིས་ྋཏཱ་ལའི་བླ་མ་ལས་གནས་གང་ཞིག་གི་མིང་འོག་ནས། རྒྱལ་ཁབ་གང་ཞིག་ཏུ་འགྲུད་བཞུད་ཀྱིས་ཁ་བྲལ་གྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས། པེ་ཅིང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་ཡོད་པ་རེད།


ཟླ་འདིའི་ཚེས་ ༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། པཱ་ཀི་སི་ཐན་གྱི་སྲིད་འཛིན་མཆོག་ཉི་ཧོང་དུ་ཕེབས་ནས་ཕྱོགས་གཉིས་ཀྱི་དཔོན་རིགས་ཚོའི་བར་་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་དང། ཉི་ཧོང་གི་སྲིད་བློན་ཏཱ་རོ་ཨ་སུའུ་མཆོག་དང། པཱ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཧྥི་རྣམ་གཉིས་ཀྱིས་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ལ་ལྷན་ཚོགས་ཤིག་འཚོགས་ཡོད་པའི་ཐོག ཉི་ཧོང་གི་སྲིད་བློན་གྱིས་པཱ་ཀི་སི་ཐན་གྱི་བདེ་འཇགས་དེ་འཛམ་གླིང་སྤྱི་ལ་ཧ་ཅང་གལ་ཆེན་པོ་ཡིན་པས། ཉི་ཧོང་གཞུང་ཕྱོགས་ནས་འཛམ་གླིང་ལ་ཉེན་ཁ་ཆེ་བའི་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་དང༌། པཱ་ཀི་སི་ཐན་དུ་དཔལ་འབྱོར་ཉམ་གུད་འགྲོ་བཞིན་པ་སླར་གསོའི་ཆེད་དུ་རོགས་དངུལ་ཐེར་འབུམ་ ༡ གཅིག་སྤྲད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།