རྒྱལ་སྤྱི།

རྒྱུགས་ཤོག་བཙོང་བའི་ནག་ཉེས།

ཟླ་འདིའི་ཚེས་༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཌི་ཇིན་ནང་སློབ་གྲྭ་ཆེན་པོའི་ཡིག་ཚད་ཀྱི་སྐབས་དགེ་རྒན་གྱིས་ཡིག་ཚད་དྲི་བ་བཙོང་པ་དང༌། ནང་མིས་ཉོས་ཏེ་ལག་ཐོག་ཁ་པར་བརྒྱུད་ནས་ཕྲུ་གུར་གསང་བརྡ་བྱེད་སྐབས། ཡིག་ཚད་རྟོག་ཞིབ་པས་ཧ་གོ་ནས་དགེ་རྒན་དང་སློབ་མ་ནང་མི་གསུམ་ལ་བཙོན་འཇུག་གི་ཁྲིམས་ཆད་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱ་ནག་ཏུ་འཛམ་གླིང་ནང་པའི་ཚོགས་ཆེན།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་ ༣ པའི་ཚེས་ ༢༨ ཉིན་རྒྱ་ནག་དབུས་གཞུང་གི་གོ་སྒྲིག་འོག རྒྱ་ནག་ཤར་ཁུལ་གྱི་གྲོང་ཁྱེར་ཝོ་ཤིས་ས་གནས་སུ་འཛམ་གླིང་རྒྱལ་ཁབ་ ༥༠ ཙམ་གྱི་གྲྭ་པ་གྲངས་ ༡༧༠༠ དང་མཉམ་དུ་མཁས་དབང་མང་པོ་ཕེབས་ཏེ། ནང་ཆོས་ཀྱིས་འཛམ་གླིང་ཐོག་ཞི་བདེ་ཇི་ལྟར་སྤེལ་ཐབས་ཀྱི་སྐོར་ཉིན་གྲངས་ ༥ རིང་གྲོས་བསྡུར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱས་པར་གཟིགས།

འཛམ་གླིང་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན།

ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འཛམ་གླིང་རྒྱལ་ཁབ་ཡར་རྒྱས་སོང་ཟིན་པ་དང༌། འགྲོ་བཞིན་པའི་རྒྱལ་ཁབ་ ༢༠ ཙམ་གྱི་ཚོགས་ཆེན་ཞིག་བསྐོངས་ཚོགས་བྱས་པ་དེས། འཛམ་གླིང་ཁྲོམ་ར་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
    ཚོགས་ཆེན་དེའི་ནང་འཛུལ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་ནི་ཨ་རི་དང་དབྱིན་ཇི། ཨར་ཇིན་ཏྲིན་ན། ཨའོ་སི་ཊིར་ལའི་ཡ། བྷི་ར་རྫིལ། ཁེ་ན་ཌ། རྒྱ་ནག ཧཕ་རན་སི། འཇར་མིན། རྒྱ་གར། ཨིན་ཌོན་ནི་ཤི་ཡ། ཨི་ཊ་ལའི། ཉི་ཧོང༌། མས་སི་ཀོ། ཨུ་རུ་སུ། ཨ་རབ། ལྷོ་ཨ་ཧཕི་རི་ཁ། ལྷོ་ཀོ་རི་ཡ། དུ་རུ་ཁ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས། སི་པན། ནི་ཌར་ལན་ཐི། དེ་བཞིན་འཛམ་གླིང་ནང་ཤུགས་རྐྱེན་ཆེ་བའི་གཞུང་འབྲེལ་མ་ཡིན་པའི་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་མང་པོ་ཚོགས་བཅར་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

བྷང་ལ་ལྡེ་ཤིའི་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་ལ་ངོ་རྒོལ།

ཟླ་བ་ ༣ པའི་ ཚེས་ ༣༡ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བྷང་ལ་ལྡེ་ཤིའི་གཙུག་ལག་སློབ་གྲྭའི་སློབ་མ་དང་གཞས་གཏོང་མཁན་རྩོམ་པ་སོགས་ན་གཞོན་མི་གྲངས་ ༤༠ ལྷག་ཙམ་གྱིས། རྒྱལ་ས་རྡ་ཁཱ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་ལ་རང་དབང་དགོས། བོད་དུ་མི་གསོད་མཚམས་འཇོག་དགོས་ཟེར་བ་སོགས་ཀྱི་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱས་པར་གཟིགས།

ཝ་ཤིན་ཊོན་དུ་དྲག་གནོན་བྱེད་དུས་ཧང་སང་གི་རེད་ཟེར།

ཕྱི་ཟླ་༣ ཚེས་༣༠ ཉིན་པཱ་ཀི་སི་ཐན་ཉེན་རྟོག་སྦྱོང་བརྡར་བསྟི་གནས་སུ་ཏ་ལི་བྷན་འཇིགས་སྐུལ་རིང་ལུགས་པས་དྲག་གནོན་བྱས་ཏེ། ཉེན་རྟོག་པ་དང་མི་སེར་བཅས་ཁྱོན་མི་གྲངས་༨༠ ཙམ་གྱི་སྲོག་ཤོར་ཡོད་པ་དང་བརྒྱ་ཕྲག་འགར་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།    དེ་ཡང་འཇིགས་སྐུལ་རིང་ལུགས་པ་དང་པཱ་ཀི་སི་ཐན་གྱི་ཉེན་རྟོག་པ་གཉིས་ཀྱིས་སྐར་མ་༢༠ ཙམ་གྱི་རིང་ལ་ཕན་ཚུན་འཐབ་འཁྲུག་རྗེས། ཉེན་རྟོག་སྦྱོང་བརྡར་བསྟི་གནས་སུ་འཛུལ་མཁན་འཇིགས་སྐུལ་རིང་ལུགས་པས་འབར་རྫས་གཏོར་ཏེ་རང་ཤི་བརྒྱབ་ཡོད་པ་རེད།

རྒྱས་པར་གཟིགས།

ལྷ་སར་རང་དབང་གི་ཐོག་ནས་བསྐྱོད་རྒྱུའི་གོ་སྐབས་ཕྲོགས་སོང༌།

    ཟླ་བ་༣ ཚེས་༢༨ ཉིན་པེ་ཅིང་དུ་ཡོད་པའི་བྷི་བྷི་སིའི་གསར་འགོད་པ་ཇིའམ་སིས་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བོད་བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ནས་བཅིངས་གྲོལ་བཏང་ནས་མི་ལོ་༥༠ འཁོར་བའི་དུས་དྲན་ཟེར་བའི་སྐབས་བྲིས་པའི་རྒྱ་ནག་གིས་བསྒྱུར་སྒྲིག་བྱས་པའི་བོད་ཀྱི་ལོ་རྒྱུས་ཞེས་པའི་གནས་ཚུལ་སྤེལ་ཡོད་པ་རེད།གས་པས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ལྟ་ཚུལ་ཇི་ལྟར་འཛིན་གྱི་ཡོད་པ་དེ་བསྒྱུར་ཐབས་སུ། རྒྱ་ནག་དབུས་གཞུང་གིས་བོད་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་འོག་ནས་བཅིངས་འགྲོལ་བཏང་ཟེར་བའི་ཟློས་གར་འཁྲབ་སྟེ། བོད་མི་རྣམས་ལ་དམར་ཕྱོགས་ཚོགས་པའི་ལྟ་སྐྱོང་འོག་ནས་སྟོབས་འབྱོར་དཔལ་ལ་རོལ་ཚུལ་སོགས་གོ་སྒྲིག་སྣ་ཚོགས་བྱས་ཡོད་ཅིང༌། འདི་དང་འབྲེལ་ནས་རྒྱ་ནག་གི་བརྙན་འཕྲིན་ནང་དམིགས་བསལ་གྱི་བོད་པའི་ཆེད་དུ་ལེ་ཚན་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

ཉི་ཧོང་གིས་བྱང་ཀོ་རི་ཡར་རྒོལ་ལན་བྱེད་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས་༢༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཀོ་རི་ཡས་ལོ་མང་རིང་བཟོ་སྐྲུན་བྱས་པའི་མེ་ཤུགས་འཕུར་མདའ་ཞིག་ཕྱི་ཟླ་༤ པའི་ནང་ཚོད་ལྟ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་དང། བྱང་ཀོ་རི་ཡའི་འཆར་གཞི་ལྟར་ཚོད་ལྟ་བྱས་ཚེ་མེ་ཤུགས་འཕུར་མདའ་དེ་ཉི་ཧོང་གི་ས་ཁུལ་ཞིག་ལ་གས་འཐོར་གྱི་ཉེན་ཁ་ཆེ་བས། ཉི་ཧོང་བདེ་སྲུང་བློན་ཆེན་གྱིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདས་ཉི་ཧོང་གི་ས་ཁུལ་དང་མི་མང་ལ་བརྡབ་གསིག་བཏང་ན། ཉི་ཧོང་ཕྱོགས་ནས་རྒོལ་ལན་གྱི་གྲ་སྒྲིག་ཆ་ཚང་ཡོད་ཅེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་ཡོད་པ་རེད།

རྒྱས་པར་གཟིགས།

ཁ་ཆེའི་ལྷ་ཁང་དུ་འབར་རྫས་གས་འཐོར།

ཟླ་འདིའི་ཚེས་༢༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། པཱ་ཀི་སི་ཐན་དང༌། ཨབ་་གྷ་ནི་སི་ཐན་གྱི་ས་མཚམས་སུ་གནས་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་ཏུ། ཁ་ཆེ་བ་བརྒྱ་ཕྲག་མང་པོས་སྨོན་ལམ་མཆོད་འབུལ་བྱེད་བཞིན་པའི་སྐབས། གློ་བུར་དུ་འབར་རྫས་གས་འཐོར་གྱིས་མི་༥༠ སྲོག་ཤོར་ཡོད་པ་དང་མི་གྲངས་༡༠༠ ལྷག་ཙམ་ལ་ཉེན་ཚབས་ཆེ་བའི་རྨས་སྐྱོན་བཏང་ཡོད་པ་རེད།

རྒྱས་པར་གཟིགས།

གོང་ཆུང་ཤོས་ཀྱི་རླངས་འཁོར་གསར་པ།

ཟླ་འདིའི་ཚེས་༢༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་བཟོ་གྲྭ་ཆེ་ཤོས་གྲས་སུ་ཡོད་པའི་ཊཱ་ཊཱ་བཟོ་གྲྭས་ཧིན་སྒོར་འབུམ་༡ གི་གོང་ཚད་ཅན་གྱི་རླངས་འཁོར་ཆུང་ངུའི་རིགས་ནཱ་ནོའུ་ཟེར་བ་ཞིག་གསར་བཟོ་བྱས་ཡོད་པ་དེ། འཛམ་གླིང་ཐོག་རླངས་འཁོར་ཆུང་ངུའི་གོང་ཚད་ཆུང་ཤོས་ཆགས་ཡོད་པ་རེད། རྒྱ་གར་ནང་ས་བབ་ཀྱི་ཆ་ནས་རླངས་འཁོར་བེད་སྤྱོད་ཡོད་པ་དང༌། བེད་སྤྱོད་གཏོང་མཁན་དུང་ཕྱུར་བརྒལ་གྱི་ཡོད་པའི་གནས་ཚུལ་འོག ད་ཐེངས་ཀྱི་རླངས་འཁོར་འདིས་རྒྱ་གར་གྱི་བཟོ་གྲྭའི་ལག་རྩལ་མཐོང་ཐུབ་པས་མ་ཚད། རླངས་འཁོར་བེད་སྤྱོད་འདོད་པའི་འཛམ་གླིང་གི་མི་འབོར་ས་ཡ་མང་པོར་འགྲོ་གྲོན་ཆུང་ལ། བདེ་འཇགས་དང་སྐྱིད་སྣང་གཞན་དང་མཚུངས་པ་འདིས་མི་མང་པོར་རླངས་འཁོར་གཏོང་བའི་སྐུལ་ལྕག་ཐེབས་ཡོད་ཅེས་བཟོ་གྲྭའི་འབྲེལ་ཡོད་ཀྱིས་བརྗོད་ཡོད་པ་རེད།

རྒྱས་པར་གཟིགས།

ངོ་ཚ་མེད་པའི་ཐོག་ནས་ངོ་དགའ་སྤྲེལ་ལད་བྱེད་ཀྱི་ཡོད་པ་རེད།

    ཟླ་འདིའི་ཚེས་༢༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ནོར་ཝེ་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་ལྷོ་ཨ་ཧཕི་རི་ཁར་འཚོག་འཆར་ཡོད་པ་དེར། ྋགོང་ས་མཆོག་གདན་ཞུས་མ་གནང་ན་ཞི་བདེའི་དེད་དཔོན་གཞན་རྣམས་ཀྱང་མཉམ་ཞུགས་གནང་ཐུབ་མིན་ལ་བསམ་གཞིག་བྱེད་དགོས་པ་རེད་ཅེས་ནོར་ཝེ་ཞི་བདེའི་ལྷན་ཚོགས་ཀྱི་ངེས་སྟོན་པ་གྷིར་ལུན་ཌསི་ཏ་མཆོག་གིས་གསུངས་ཡོད་པ་རེད།
    ལྷོ་ཨ་ཧཕི་རི་ཁར་ནོར་ཝེའི་ལྷན་ཚོགས་ཤིག་གི་ཐོག་ཕེབས་རྒྱུར་ལྷོ་ཨ་ཧཕི་རི་ཁའི་གཞུང་ངོས་ནས་ྋགོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུ་མིན་ཚུལ་བརྗོད་ཡོད་པ་དེ་ནི་ཨ་ཧཕི་རི་ཁའི་གཞུང་གིས་འཛམ་གླིང་ཐོག་ལྟ་སྟངས་ཡག་པོ་ཡོང་ཆེད་དང་གཞུང་གི་ཐག་གཅོད་སྲུང་སྐྱོབ་ཆེད་དུ།

རྒྱས་པར་གཟིགས།