སློབ་ཐོན་ལས་མེད་གྱེན་ལངས་ཀྱི་འཇིགས་སྐྲག
ཟླ་འདིའི་ཚེས་ ༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་རྒྱ་ནག་ཏུ་སློབ་ཐོན་ལས་མེད་ས་ཡ་མང་པོ་ཆགས་ཡོད་པས། ཝིན་ཅཱ་པའོ་ཡིས་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་སློབ་མས་རྒྱ་ནག་ལ་ངོ་རྒོལ་བྱས་ནས། མི་ལོ་ ༢༠ འཁོར་བའི་དུས་དྲན་དང་བསྟུན་ནས་སློབ་ཐོན་ལས་མེད་རྣམས་ཀྱིས་ངོ་རྒོལ་གྱེན་ལངས་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་ཡང་སྲིད་ཝིན་ཅའོ་པའོ་ཡིས་ཕྱི་ལོ་ ༢༠༠༠ ནས་བརྩིས་ན། ད་ལོ་ནི་རྒྱ་ནག་ཉམས་རྒུད་ཆེ་ཤོས་ཀྱི་ལོ་ཡིན་པ་དང༌། མི་གྲངས་ས་ཡ་ ༢༠ ལྷག་ཙམ་ལས་མེད་ཆགས་ཡོད་པས།


ཟླ་འདིའི་ཚེས་ ༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཤི་རིའི་ལང་ཀའི་རྩེད་མོའི་རུ་ཁག་ཅིག་པཱ་ཀི་སི་ཐན་ལ་འབྱོར་སྐབས། གློ་བུར་དུ་རླངས་འཁོར་ལ་མེ་མདའ་བརྒྱབ་སྟེ་པཱ་ཀི་སི་ཐན་གྱི་ཉེན་རྟོག་པ་ ༦ གི་སྲོག་ཤོར་ཡོད་པ་དང༌། རྩེད་མོ་བ་ ༦ ལ་རྨས་སྐྱོན་བཏང་ཡོད་པ་དང༌། དྲག་གནོན་གྱི་དོན་རྐྱེན་འདིས་སླར་ཡང་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར། དོགས་གཞི་གསར་པ་གཅིག་བཟོས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཟླ་འདིའི་ཚེས་༢༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་དོན་དྲུང་ཆེ་ཧཱེ་ལ་རི་ཁི་ལིན་ཊོན་གྱིས་བོད་དང་ཐེ་ཝན་གྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་དང་བསྲེ་བསླད་གཏོང་འདོད་མེད་ཅེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡཱང་ཇཱ་ཆའི་ལ་ཐོག་མར་མཇལ་འཕྲད་བྱེད་སྐབས་སུ་གསུངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། 



ཟླ་འདིའི་ཚེས་༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་དོན་དྲུང་ཆེ་གསར་པ་ཧིལ་ལ་རི་ཁི་ལན་ཊོན་ཉི་ཧོང་དུ་གཟིགས་སྐོར་ལ་འབྱོར་ཡོད་པ་དང༌། དེ་ནས་རིམ་གྱིས་ལྷོ་ཀོ་རི་ཡ་དང༌། ཧིན་དྷུ་ནེ་ཤི་ཡ། རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་དུ་འགྲོ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད། རྒྱལ་དོན་དྲུང་ཆེས་ནེའུ་ཡོག་ཏུ་ཨེ་ཤ་ཡའི་མཐུན་ཚོགས་དང་གསར་འགོད་པར་བརྗོད་གསལ་ལྟར་ན། དྲུང་ཆེ་མཆོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་གཟིགས་སྐོར་འགྲོ་དོན་གཙོ་བོ་ནི་འཛམ་གླིང་གི་དཔལ་འབྱོར་ཉམས་གསོ་དང་གོ་ལའི་ཚ་དྲོད་འགྱུར་ལྡོག བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་བསྐྲུན་གྱི་གནད་དོན་སོགས་ལ་གྲོས་བསྡུར་དང་དཔྱད་ཞིབ་བྱ་རྒྱུ དེ་བཞིན་ཞི་བདེ་རྒྱ་མཚོའི་ཤར་ནུབ་ཁུལ་གྱི་རྒྱལ་ཁབ་རྣམས། ཨ་རིའི་འཛིན་སྐྱོང་གསར་པ་ལ་རོགས་པ་ངེས་པར་དུ་དགོས་ངེས་ཡིན་པ་དང༌།