ཆེད་བརྗོད།

མཉམ་འབྲེལ་དྲ་བའི་སྐོར་གྱི་ཡིག་ཆ་ནག་པོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༨༤
ཕྱི་ཟླ་༦ ཚེས་༨ ཉིན་རྒྱ་ནག་དམར་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བས་“ཀྲུང་གོའི་མཉམ་འབྲེལ་དྲ་བའི་གནས་ཚུལ་”རྒྱབ་ཤ་དཀར་པོ་ཟེར་བའི་དཔེ་དེབ་ནག་པོ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང། དེབ་དེ་ལ་འགོ་བརྗོད་དང་། མཉམ་འབྲེལ་དྲ་བའི་འཕེལ་རྒྱས་དང་ཁྱབ་གདལ་ལ་སྐུལ་འདེད། མཉམ་འབྲེལ་དྲ་བ་རྒྱ་ཁྱབ་ངང་བེད་སྤྱོད་གཏོང་བར་སྐུལ་འདེད། སྤྱི་དམངས་ཀྱི་མཉམ་འབྲེལ་དྲ་བའི་སྨྲ་བརྗོད་རང་དབང་ལ་འགན་སྲུང་། མཉམ་འབྲེལ་དྲ་བ་དོ་དམ་བྱེད་པའི་རྩ་དོན་དང་ལག་ལེན།

རྒྱས་པར་གཟིགས།

སེམས་ནང་དུ་བརྒྱབ་པའི་ས་ཡོམ།

ཡུལ་ཤུལ་ཁུལ་དུ་ས་ཡོམ་བརྒྱབ་ནས་ཉིན་གྲངས་༥༠ ཙམ་སོང་ཟིན་པ་དང། ཁ་སང་ཞག་གྲངས་༤༩ སོང་བའི་བདུན་ཚིགས་མཐའ་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་དང་ལས་བྱེད་སེར་སྐྱ་མི་མང་བཅས་ཀྱིས་སྨོན་ལམ་གསུངས་ཡོད་པ་དང།

རྒྱས་པར་གཟིགས།

དོན་ཚན་བཅུ་བདུན་ལས་ཚད་དམའ་བའི་མི་རིགས་ས་གནས་རང་སྐྱོང།

བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ཕལ་ཆེར་ལོ་རྟག་པར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོ་ཕྱི་ཟླ་༥ ཚེས་༢༣ ཉིན་ངོ་རྒོལ་གྱི་རྣམ་འགྱུར་དང། ནམ་ཡང་ངོས་ལེན་མེད་པའི་གསལ་བསྒྲགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བཞིན་ཡོད། ལོ་འདིར་ཡང་ཚོགས་པ་ཁག་ཅིག་གིས་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའང་བྱུང་སོང།

རྒྱས་པར་གཟིགས།

མི་མང་ལ་བཤུ་གཞོག་གི་ཆེད་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༨༡
ད་ལྟའི་ཆར་བོད་ནང་གི་ས་ཆ་མང་ཆེ་བར་ཞིང་འབྲོག་མི་མང་གི་འཚོ་གོས་ཡར་རྒྱས་དང་འབྲེལ་བའི་ཐོན་ཁུངས་གཙོ་ཆེ་ཤོས་དེ་དབྱར་རྩྭ་དགུན་འབུ་ཡིན་པ་དང། འདི་བརྐོ་བ་དང་བཙོང་བ་སོགས་ལ་རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་བེད་སྤྱད་ནས་མི་མང་མགོ་སྐོར་གཏོང་ཐབས་དང་བཙན་དབང་གིས་བཤུ་གཞོག་འདྲ་མིན་གཏོང་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

ང་དང་ཁྱེད་བོད་པ་ཡིན་ནམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༨༠
ཉེ་བའི་ཟླ་ཤས་སྔོན་བོད་ཨ་མདོའི་ས་ཁུལ་ནས་ང་བོད་པ་ཡིན་ཞེས་བོད་མི་རྒན་དར་གཞོན་གསུམ་ཁག་ཅིག་གིས་རང་ཉིད་བོད་པ་ཡིན་པའི་རྒྱུ་མཚན་བརྗོད་པའི་གློག་བརྙན་ཐུང་ངུ་ཞིག་དྲ་ལམ་སོགས་སུ་འགྲེམས་སྤེལ་བྱས་པར་བརྟེན། བཙན་བྱོལ་ནང་སེམས་འགུལ་ཆེན་པོ་ཐེབས་ནས་ས་རཱ་མཐོ་སློབ་ཏུ་དེའི་སྐོར་ལ་ན་གཞོན་ཁག་ཅིག་གིས་ཆེད་དུ་བགྲོ་གླེང་ཞིག་ཀྱང་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

ཚེ་གཅིག་གི་སྐྱབས་བཅོལ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༢༧༩
ཕྱི་ལོ་༡༩༥༩ ལོར་བོད་མི་གང་མང་ཞིག་བཙན་བྱོལ་དུ་འབྱོར་ནས་ལོ་༥༡ འཁོར་བ་དང། ༧གོང་ས་མཆོག་དྷ་སར་ཞབས་སོར་འཁོད་ནས་ཀྱང་མི་ལོ་ཧྲིལ་པོ་༥༠ འཁོར་བའི་མཛད་སྒོ་གྲུབ་ཚར་ཙམ་རེད། བོད་མི་ཡོངས་ཀྱི་ངོས་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོ་སོར་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་དང། བོད་མི་རིགས་ཀྱི་སེམས་ནང་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་འཇིག་རྟེན་གྱི་ལྷ་དང་ལྷ་ཡུལ་ཞིག་ཏུ་བརྩི་སྲོལ་ཡོད་པ་བཞིན།

རྒྱས་པར་གཟིགས།

ཡུལ་ཤུལ་གསར་སྐྲུན་གྱི་རེ་དོགས་འགའ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༨
ཉེ་བའི་ཆར་སྐྱེ་རྒུ་མདོ་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་རྫོང་ཁག་ཅིག་ལ་ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེ་ཐེབས་པ་དང། དེ་ལ་བརྟེན་ནས་རྒྱ་ནག་དབུས་གཞུང་དང་གཞུང་སྒེར་སྒྲིག་འཛུགས་ཁག བོད་ནང་གི་དགོན་སྡེ་ཁག་དང་བླ་སྤྲུལ་རྣམ་པ། དེ་བཞིན་གྲོང་པ་དང་ཡུལ་སྡེ། ཚོང་པ་ཁག་གིས་ཞལ་འདེབས་རྒྱ་ཆེ་འབུལ་བཞིན་པར་བརྟེན། གསོན་པོ་རྣམས་དང་མ་འོངས་པའི་ཆེད་སྐྱེ་རྒུ་མདོ་གསར་པ་ཞིག་འཛུགས་སྐྲུན་བྱེད་དགོས་པས།

རྒྱས་པར་གཟིགས།

གོད་ཆག་འོག་གི་ཆིག་སྒྲིལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༧
ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་ཞོགས་པ་ཆུ་ཚོད་༧།༤༩ ཐོག་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་བ་དང། བོད་ནང་གི་དགོན་སྡེ་གང་མང་ཞིག་གིས་སྣེ་ཁྲིད་ནས་ཛ་དྲག་གི་མྱུར་སྐྱོབ་དང་དཔལ་འབྱོར་གྱི་རོགས་རམ་གང་མང་གནང་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

ཨ་རིར་སློབ་བསྐྱོད་དང་སྤྱི་སྐལ་སྒེར་སྤྱོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༦
བོད་རིགས་གང་མང་ཞིག་བཙན་བྱོལ་དུ་འབྱོར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ན་གཞོན་རྣམས་ལ་རིམ་བཞིན་གནའ་དེང་ཤེས་ཡོན་གྱི་གོ་སྐབས་གནང་བ་སོགས་ཀྱིས་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་གནང་ཐུབ་ཡོད་པ་དང།

རྒྱས་པར་གཟིགས།