ཆེད་བརྗོད།

དུས་ཚེས་ནོར་མི་རུང་བའི་འོས་བསྡུ་ཆེན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༥
ཉེ་བའི་ཉིན་ཤས་རིང་ལྡི་ལི་རུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་འོས་བསྡུ་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང། དེ་ནི་ལོ་འདིའི་ནང་འགོ་འཛུགས་བྱེད་དགོས་པའི་འོས་བསྡུ་ཆེན་མོའི་ལས་རིམ་རྣམས་ཁྲིམས་མཐུན་ཚགས་ཚུད་ཡོང་སླད་ཡིན་པ་ནི་སྨྲོས་མ་དགོས་པ་རེད།

རྒྱས་པར་གཟིགས།

ལྷག་བསམ་ཅན་གྱི་དཔའ་བོ་བཀྲ་ཤིས་ཚེ་རིང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༤
ཉེ་བའི་ཆར་སྐད་གྲགས་ཅན་གྱི་དབྱིན་བོད་ཡིག་སྒྱུར་བ་ཆུང་ཚེ་རིང་ལགས་ཀྱིས་དེང་སྐབས་བོད་ནང་དུ་བཞུགས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་ལོ་རྒྱུས་དབྱིན་ཡིག་ནས་བོད་བསྒྱུར་གནང་བ་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་ཡོད་པ་དང། དེབ་དེ་ཞིབ་ཀློག་ཚར་གཅིག་བྱས་ན་གྲོང་གསེབ་དཀྱུས་མའི་བུ་ཕྲུག་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་འབད་འབུངས་ཁོ་ན་ལ་བརྟེན་ནས་རྒྱ་གར་དང་ཨ་རི་ནས་སློབ་སྦྱོང་བྱས་ཤིང།

རྒྱས་པར་གཟིགས།

ཆོ་ག་ཕྱག་ལེན་ལྟ་བུའི་གྲོས་ཆོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༣

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༩ པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་བསྩལ་བ་དང། དེ་ལ་བརྟེན་ནས་གྲོས་ཚོགས་དང་སྤྱི་ཚོགས་ནང་གནས་སྐབས་ཤིག་ལ་བགྲོ་གླེང་སྣ་ཚོགས་ཀྱིས་ཁྱབ་ཡོད་པ་རེད། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ཀྱང་བཞུགས་སྒར་དུ་ཆེད་ཕེབས་དང།

རྒྱས་པར་གཟིགས།

ཆུ་དཀྲོགས་ནས་མར་ཐོན་སྲིད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༢
ཟླ་འདིའི་ཕྱི་ཚེས་༡༨ ཉིན་སྤྱི་འཐུས་རྣམ་པ་དང། དེ་བཞིན་བཀའ་ཟུར་ཁག་ཅིག་དང་ལྷན་དུ་བོད་རྒྱ་ཞི་མོལ་དང་འབྲེལ་བའི་སྐོར་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་བོད་གཞུང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཚོག་རྒྱུ་ཡིན་པ་རེད། གནད་དོན་འདིའི་ཐོག་ལ་ཕྱོགས་གང་ནས་བསམ་བློ་བཏང་ཡང་དེ་ལྟར་ཉན་ཞིབ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་མིན་དང།  ༧གོང་ས་མཆོག་གི་དབུ་མའི་ལམ་དང

རྒྱས་པར་གཟིགས།

གསུང་འཕྲིན་དང་འབྲེལ་བའི་ལྟ་ཚུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༡
ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་མི་མང་གིས་ཞི་བའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ཧྲིལ་པོ་༥༡ འཁོར་བའི་དུས་དྲན་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན་ནང་དམིགས་བསལ་གྱིས་བཀའ་ཕེབས་པ་ཞིག་ལ།

རྒྱས་པར་གཟིགས།

བཅུ་གསུམ་པ་ཆེན་པོ་དང་བོད་རང་བཙན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༠

ཕྱི་ཟླ་༢ ཚེས་༢༥ ཉིན་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཐོག་ནས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་མི་ལོ་༡༠༠ ཧྲིལ་པོ་འཁོར་བའི་དུས་དྲན་ཞིག་སྲུང་རྩི་ཞུས་ཡོད་པ་དང། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་བོད་མི་རིགས་ཀྱི་ཆེད་དུ་དགོངས་པ་རྒྱ་ཆེར་བཞེས་ནས་ཕུགས་རྒྱང་རིང་པོའི་ཕྱག་ལས་རླབས་ཆེན་གནང་མཁན་ཞིག་ཆགས་ཡོད་པ་རེད།

རྒྱས་པར་གཟིགས།

ཨོ་བྷ་མ་དང་མཇལ་འཕྲད་ཀྱི་སྔ་རྗེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༩
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨ་རིར་ཆིབས་བསྒྱུར་གྱིས་ཕྱི་ཟླ་༢ ཚེས་༡༨ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང༌། ལོ་སྔོན་མའི་ལོ་མཇུག་ཙམ་དུ་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་བའི་སྐབས་སྲིད་འཛིན་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེར་ཨ་རིའི་མི་མང་གི་ངོས་ནས་སྐྱོན་བརྗོད་མང་དག་ཅིག་བྱུང་ཡོད་པ་རེད།

རྒྱས་པར་གཟིགས།

གཞིས་ཆགས་སྲ་བརྟན་དུ་ཇི་ལྟར་གཏོང་ཐུབ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༨
བཙན་བྱོལ་བོད་གཞུང་གི་ལས་འཆར་ནང་ནས་གལ་ཆེ་ཤོས་གཅིག་བཙན་བྱོལ་བོད་མིའི་གནས་ཡུལ་གཞིས་ཆགས་ཁག་སྲ་བརྟན་དུ་གནས་ཐབས་དེ་ཡིན་པ་དང། ཉེ་བའི་ཆར་བོད་གཞུང་གི་འབྲེལ་ཡོད་ལས་བྱེེད་ཁག་ཅིག་གཞིས་ཆགས་ཁག་ཏུ་བསྐྱོད་ནས་དེའི་སྐོར་བསམ་ཚུལ་བསྡུ་ལེན་དང་ཞིབ་འཇུག་གནང་བཞིན་ཡོད་འདུག

རྒྱས་པར་གཟིགས།

མི་ལོ་ལྔ་བཅུ་ཁད་ཀྱིས་འདས་སོང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༧
རྒྱ་དམར་གཞུང་གི་བཙན་འཛུལ་ལ་བརྟེན་ནས་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་ཧྲིལ་པོ་༥༠ འདས་ཟིན་པ་དང། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་རིགས་རྣམས་བཙན་བྱོལ་དུ་འབྱོར་ནས་ཀྱང་མི་ལོ་༥༠ ཧྲིལ་པོ་འདས་ཟིན་པ་རེད།

རྒྱས་པར་གཟིགས།

སྐུ་ཚབ་ཐུག་འཕྲད་མཚམས་འཇོག་རན་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༦
ཉེ་བའི་ཆར་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཐེངས་དགུ་པ་དེ་གྲུབ་པའི་རྗེས་སུ་༧གོང་ས་མཆོག་གི་སྐུ་ཚབ་རྣམས་དྷ་སར་མ་སླེབས་གོང་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཀྱིས་༧གོང་ས་མཆོག་ལ་ཚད་ལས་བརྒལ་བའི་སྐྱོན་བརྗོད་དང་བཅས་ཕྱི་བསྒྲགས་གནང་ཡོད་པ་རེད། ཕྱི་ཟླ་༢ པའི་ཚེས་༢ ཉིན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་སྐུ་ཚབ་ཐུག་འཕྲད་ཐེངས་དགུ་པའི་སྐོར་གྱི་གནས་ཚུལ་ཕྱི་བསྒྲགས་གནང་ཡོད་ཀྱང་། བཟང་ཕྱོགས་ཀྱི་གནས་ཚུལ་གང་ཡང་མི་འདུག

རྒྱས་པར་གཟིགས།