ཆེད་བརྗོད།

ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་པ་དང་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༥
ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་ཕེབས་ནས་ཕྱི་ཟླ་༡༡ པའི་ཚེས་༡༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་དང། ཕྱི་ཚེས་༡༧ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ལ་བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་རྒྱུ་ཡིན་ཚུལ་དང། བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གིས་དེ་ལུགས་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

རྒྱས་པར་གཟིགས།

གནད་དོན་གཞན་ཞིག་གི་ཆེད་ཡིན་སྲིད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༤
ད་ལྟ་༧གོང་ས་མཆོག་ཨ་རུ་ན་ཅལ་ཁུལ་དུ་ཆིབས་བསྒྱུར་གྱིས་གསུང་ཆོས་བཀའ་དྲིན་ཆེ་བཞིན་ཡོད་པ་དང༌། གནད་དོན་འདིར་པེ་ཅིང་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འགོག་ཐབས་བྱས་ཡོད་ཀྱང༌། ༧གོང་ས་མཆོག་དང་རྒྱ་གར་གཞུང་གི་ངོས་ནས་ཀྱང་པེ་ཅིང་གཞུང་གི་བྱེད་སྟངས་དེར་ལྟོས་མེད་ཀྱིས་ཆིབས་བསྒྱུར་གནང་ཡོད་པ་རེད།

རྒྱས་པར་གཟིགས།

ྋགོང་ས་བཅུ་གསུམ་པ་དང་བོད་རང་བཙན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༣
ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐུ་དུས་ཕྱི་ལོ་༡༩༡༢ ལོར་བོད་དབུས་ཁུལ་གཙོ་བོ་དང་ཁམས་ཁུལ་དུ་འབྱོར་བའི་རྒྱ་དམག་ཁག་མང་པོས་མགོ་འབུལ་ཞུ་དགོས་བཟོས་པ་དང༌། ལོ་དེར་བོད་ནས་རྒྱའི་དམག་དཔུང་རྒྱ་ཡུལ་དུ་ཕྱིར་བསློགས་མཐར་སྐྲོད་གཙང་སེལ་བཟོས་ཡོད།

རྒྱས་པར་གཟིགས།

རང་ཉིད་ཁོ་ནར་བརྟེན་ནས་ཐོབ་པའི་གོ་ས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༢

ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད།

བོད་པའི་ཁ་རྒྱུན་དུ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་གཏམ་རྒྱུད་དེ་ཡོངས་གྲགས་སུ་འཇགས་ཡོད་ལ། དོན་དངོས་ཀྱི་ཐོག་ནས་ཀྱང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རིམ་བྱོན་དེ་དག་མི་རིགས་ཀྱི་དབྱེ་འབྱེད་དང་དབུལ་ཕྱུག་གི་ཁྱད་པར་གཏན་ནས་མེད་པར་རང་ཉིད་ཀྱིས་ཐོས་བསམ་སློབ་གཉེར་གནང་བའི་འབྲས་བུ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་པས་བོད་པའི་ལོ་རྒྱུས་ཀྱི་ཐོག་ནས་ཆེས་གཟི་བརྗིད་ཅན་གྱི་ལམ་སྲོལ་རླབས་ཆེན་པོ་ཞིག་ཏུ་གྱུར་ཡོད།

རྒྱས་པར་གཟིགས།

རྒྱ་དཀར་ནག་གི་འབྲེལ་བའི་ནང་གི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༡
རྒྱ་དཀར་ནག་གཉིས་ནི་ལོ་རྒྱུས་ཀྱི་ཐོག་ནས་དམིགས་བསལ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་གཉིས་མིན་ལ། ༡༩༦༢ ལོར་ས་མཚམས་སུ་དམག་འཁྲུག་ཀྱང་བྱུང་ཡོད། ད་ལྟའི་ཆར་ཡང་འབྲེལ་བ་དེ་ཕྱོགས་ཡོངས་ནས་སྡུག་ཏུ་འགྲོ་བཞིན་པ་དང། ཕྱི་ཟླ་༡༡ པའི་ནང་ནས་རྒྱ་ནག་དབུས་ཆབ་སྲིད་ཅུས་ཟེར་བའི་རྒྱུན་ལས་ཀྲུའུ་ཡུང་ཁང་རྒྱ་གར་དུ་ཡོང་རྒྱུ་གཏན་ཁེལ་བྱུང་ཡོད་ཅིང། ད་ལྟའི་ཆར་གནད་དོན་རེ་ཟུང་གི་ཐོག་ནས་རྒྱ་གར་གཞུང་ལ་དོན་མེད་བསྙོན་འཛུགས་བྱེད་བཞིན་ཡོད།

རྒྱས་པར་གཟིགས།

བེད་ལོག་ཏུ་གཏོང་བཞིན་པའི་བརྒྱུད་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༩
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འགོ་བཙུགས་ནས་ད་བར་མི་ལོ་༦༠ ཧྲིལ་པོ་འཁོར་ཡོད་པ་དང། དེའི་རིང་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཚང་མ་རྒྱ་དམར་གཞུང་གི་བཀོད་བྱུས་སྟངས་འཛིན་གྱི་འོག་ཏུ་གནས་ཐུབ་པ་བྱས་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ད་ལྟའི་ཆར་འཛམ་བུ་གླིང་གི་ནང་དུ་རྒྱ་དམར་གཞུང་དེ་གསར་འགོད་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་གཞུང་ཞིག་ཡིན་པ་ལོ་ལྟར་སྙན་ཐོ་ཁག་གི་ནང་དུ་འཁོད་ཡོད་པ་ལྟར། རྒྱ་ནག་གཞུང་གིས་དུས་རྒྱུན་མི་མང་བསླུ་བྲིད་དང་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏོང་ཐབས་འབའ་ཞིག་ཏུ་གསར་འགྱུར་གྱི་བརྒྱུད་ལམ་ཁག་བེད་སྤྱོད་གཏོང་བཞིན་པ་རེད།

རྒྱས་པར་གཟིགས།

མི་ལོ་དྲུག་ཅུའི་ཡར་རྒྱས་དང་སྐྱོ་གར།

སྤྱིའི་འདོན་ཐེངས་༢༤༨

ཕྱི་ལོ་༡༩༤༩ ལོའི་ཕྱི་ཟླ་༡༠ ཚེས་༡ ཉིན་རྒྱ་ནག་དམར་ཤོག་གཞུང་གསར་འཛུགས་བྱས་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བ་དང། དམར་ཤོག་ཚོགས་པ་གསར་འཛུགས་བྱེད་པའི་སྐབས་རྒྱ་རིགས་ནང་ཁུལ་ཕན་ཚུན་མི་མང་ས་ཡ་མང་པོ་གསོད་རེས་བྱས་ནས་བཙུགས་པ་ཞིག་ཡིན་ཞིང། གསར་འཛུགས་བྱས་ཟིན་པའི་རྗེས་སུའང་མི་མང་གི་ཚེ་སྲོག་གྲངས་མེད་ཆུད་ཟོས་སུ་བཏང་ཡོད།

རྒྱས་པར་གཟིགས།

བཤའ་བཅོས་ཆེན་པོ་ཞིག་བྱེད་རན་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༧
སྐབས་བཅུ་བཞི་པའི་སྤྱི་འཐུས་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུ་ལས་ཐབས་གཞན་མེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཉིད་ཚུལ་བཞིན་མཇུག་བསྡོམས་ཐུབ་མེད་པ་དང༌། གནད་དོན་འདིར་ཕྱོགས་མང་པོ་ཞིག་ནས་བལྟས་ཡོང་བའི་སྐབས་གནས་ཚུལ་དེ་བློ་ཕམ་དགོས་པའི་རང་བཞིན་ཞིག་ཏུ་གྱུར་ཡོད། དོན་རྐྱེན་དེ་བྱུང་བའི་འཕྲལ་རྐྱེན་ཧ་ཅང་ཆུང་ངུ་ཞིག་ཡིན་ནའང༌། མེ་སྟག་གཅིག་གིས་རི་བོ་བསྲེག་པའི་དཔེ་དང་གཅིག་མཚུངས་སུ་གྱུར་སོང༌།

རྒྱས་པར་གཟིགས།

ཡོས་ལ་འབབ་རྒྱུའི་རྩམ་པ་ཞིག་ཡོད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༦
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཙན་བྱོལ་བོད་གཞུང་གི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ཐོག་ལ་བགྲོ་གླེང་གང་མང་གནང་ཡོད་པ་དང༌། དེ་བཞིན་སྤྱི་འཐུས་རྣམས་ས་བགོས་ཕྱོགས་བསྐྱོད་དང་འབྲེལ་བའི་ལས་བསྡོམས་ཀྱི་ལན་འདེབས་དང་འབྲེལ་བའི་ཐོག་ལའང་བགྲོ་གླེང་གནང་ཡོད་པ་རེད། བགྲོ་གླེང་དེ་དག་གི་ཁྲོད་བརྗོད་གཞི་འདྲ་མིན་མང་པོ་ཡོད་ནའང༌། མང་ཆེ་བ་ཞིག་གིས་དང་བླངས་དཔྱ་ཁྲལ་ལག་དེབ་གནང་ཕྱོགས་སྐོར་ལ་བགྲོ་གླེང་དང་དོགས་འདྲི་ཤུགས་ཆེན་པོ་བྱུང་ཡོད་པ་རེད།

རྒྱས་པར་གཟིགས།

རང་སྲོག་བློས་གཏོང་གི་མྱ་ངན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༥
ཉེ་ཆར་ཟླ་འདིའི་ནང་རྒྱ་གར་གྱི་ཨན་དྷར་མངའ་སྡེའི་བློན་ཆེན་ར་རྗ་སི་ཁ་རཱ་མཆོག་ཐད་འཕུར་གནམ་གྲུར་ཞུགས་ནས་གནམ་གཤིས་ཀྱི་རྐྱེན་པས་ཐན་པ་བྱུང་བའི་ཞིང་པ་ཁག་གི་གནས་སྟངས་ལ་གཟིགས་ཞིབ་གནང་བར་ཕེབས་པའི་སྐབས་ཁོང་དང་ལས་རོགས་བཅས་དུས་མིན་རྐྱེན་འདས་སུ་གྱུར་པ་དང༌། རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་མངའ་སྡེའི་དེའི་ནང་གི་མི་སེར་ཚོས་ཁོང་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་དང༌། རྒྱ་གར་གྱི་སྲིད་བློན་མཆོག་དང་གཞུང་འཛིན་གོང་རེ་སི་ཚོགས་པའི་དབུ་ཁྲིད་ཀྱི་གཙོས་མྱ་ངན་ཞུ་མཁན་གྱི་མི་ཚོགས་གྲངས་ཀྱིས་མི་ལོང་བ་ཞིག་བྱུང་ཡོད་པ་རེད།

རྒྱས་པར་གཟིགས།