རྩོམ་ཡིག

གནམ་གཤིས་འཕོ་འགྱུར་གྱི་དཀའ་ངལ།

ཀུན་ཁྱབ་དཔལ་བཟང།   དྷ་ས།
སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བ་ནི་རང་བྱུང་ཁམས་ཀྱི་རང་བཞིན་ཡིན་ནའང། སྤྱིར་བཏང་གོ་ལའི་གནམ་གཤིས་ཆ་སྙོམས་ཀྱི་ཚ་ཚད་ལ་གློ་བུར་དུ་འཕར་ཆག་ཤུགས་ཆེར་འབྱུང་སྐབས་འཛམ་གླིང་གི་སེམས་ཅན་དང་རྩི་ཤིང་ལ་ཆག་འཇིག་གི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང། གོ་ལའི་གནམ་གཤིས་ཞེས་བརྗོད་སྐབས་ང་ཚོའི་ཉིན་རེའི་ཚ་གྲང་གི་གནམ་གཤིས་ལ་མི་གོ་བར། གོ་ལའི་ནམ་ཟླའི་ཚ་གྲང་ལ་གོ་དགོས་པས། དེ་ལ་སྒྱུར་བཅོས་གཏོང་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན།

རྒྱས་པར་གཟིགས།

བཀའ་ཟུར་ང་ཕོད་ལས་འཕྲོས་པའི་གཏམ།

ཚེ་བརྟན་བཀྲ་ཤིས།       ས་རཱ།
མཐོང་ཐོས་ཀྱི་བག་ཆགས་ཟབ་ཅིང་རྟོག་དཔྱོད་ཀྱི་ཤེས་རབ་མྱུར་བའི་དུས་རབས་ཉེར་གཅིག་པའི་ན་གཞོན་ཚོས་བཙན་དབང་རིང་ལུགས་པས་ཁྲག་དྲི་བྲོ་བའི་དྲག་གནོན་དང་གཏོར་བཅོམ་བསྲེག་གསུམ་གྱི་ཛ་དྲག་གནས་སྟངས་འོག་གི་ཐག་གཅོད་ལ་བསམ་ཤེས་དང་སེམས་ཁུར་ཐུབ་ཀྱི་མེད་ན། ལོ་རབས་ལྔ་བཅུ་པའི་ནང་ལྷ་སའི་མི་མང་གིས་“ང་ཕོད་ངར་ནས་ཕྱིན་སོང༌། ཆབ་མདོ་བསྐྱལ་ནས་ལོག་བྱུང་”ཞེས་ཆབ་མདོ་ཤོར་མིན་དེ་མི་གཅིག་ལ་ཐུག་པ་ལྟ་བུའི་འདུ་ཤེས་འཛིན་ཚུལ་ལ་ཁག་ཅི་ཞིག་ཡོད་སྙམ། དོན་དངོས་ཐོག་ཆབ་མདོ་ནི་ང་ཕོད་ལས་ལྷག་པ་སྡེ་བ་གཞུང་གི་དཔོན་དམག་ཡོད་ཚད་ཀྱིས་བརྟན་སྲུང་བྱས་ཀྱང་ཤོར་རྒྱུ་ཡིན་པ་སྐབས་དེའི་ཕྱོགས་ཁག་གཉིས་ཀྱི་དམག་སྟོབས་ཆེ་ཆུང་ལས་རྟོགས་ཐུབ་ལ།

རྒྱས་པར་གཟིགས།

ང་ཕོད་ཀྱི་སྐུ་ཚེའི་ནང་ཡག་སྡུག་གི་ལེའུ་གཉིས་ཡོད།

ཐུབ་བསྟན་བཀྲ་ཤིས། ( མོན་གྷོ)
དེང་སྐབས་བཙན་བྱོལ་བོད་མིའི་རླུང་འཕྲིན་སོགས་བརྒྱུད་ལམ་ཁག་དང་སྤྱི་ཚོགས་ཁྲོད་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐོར་གླེང་སློང་མི་ཉུང་བ་ཞིག་བྱེད་བཞིན་འདུག ལྷག་པར་དུ་རྩོམ་པ་པོ་དང་མཁས་པར་རློམ་པ་རེ་ཟུང་གིས་རླུང་འཕྲིན་བརྒྱུད་ལམ་ཁ་ཤས་ནང་བཀའ་མོལ་གསུང་དོན། ང་ཕོད་ཀྱིས་ཆབ་མདོར་ཡོད་པའི་བོད་གཞུང་གི་གོ་མཛོད་རྣམས་དུས་ཐོག་ཡུལ་དམག་ལ་མཁོ་སྤྲོད་མ་གནང་བ་དང། རྗེས་སུ་མེར་སྲེག་བཏང་བ། དེ་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་ཡིག་བཀོད་པ་སོགས་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཡིན་པ་མ་ཟད།

རྒྱས་པར་གཟིགས།

ཤེས་རིག་ཚོགས་ཆེན་ལས་འཕྲོས་པའི་བསམ་གཞིག

ཆོས་ཉིད་འོད་ཟེར།    དྷ་ས།
ཉེ་བའི་ཆར་བཙན་བྱོལ་བོད་གཞུང་གི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་འཚོགས་ཡོད་ནའང། འཆར་ཅན་གྱི་བཀའ་སློབ་དང། བགྲོ་གླེང་ཁག། འབོད་སྐུལ་དང་ཐུགས་སྣང་དགོས་སྐོར་གྱི་གྲོས་ཆོད་ཙམ་ལས་གནད་ལ་སྨིན་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་དང། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་དེ་སློབ་གྲྭ་ཡོངས་ཀྱི་ནང་ལག་བསྟར་བྱེད་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་གྱུར་འདུག ང་ཚོ་སྐྱབས་བཅོལ་དུ་ཡོང་ནས་ལས་དོན་གཙོ་བོ་གཅིག་ནི་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱས་ཡོད་ལ། དེ་ཡང་བོད་མིའྀ་ཆོས་དང་རིག་གཞུང། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུད་འཛིན་བྱས་ཐོག་དེང་དུས་ཀྱི་ཤེས་ཡོན་བྱང་ཆུབ་པ་ཞིག་ཡོང་ཆེད་དུ་སློབ་གྲྭ་ཁག་ལོགས་སུ་བཙུགས་པ་ཞིག་ཡིན།

རྒྱས་པར་གཟིགས།

གངས་ཅན་པ་རྣམས་ལ་རེ་སྐུལ་སྙིང་གི་ཐུར་མ།

ཆབ་མདོ་ངག་དབང་ཕུན་ཚོགས།
དེང་སྐབས་ཚན་རིག་འཕེལ་རྒྱས་ཀྱི་མཐོ་རླབས་འཕྱུར་ནས་འཛམ་གླིང་ཆུང་དུ་ཕྱིན་པ་ལྟ་བུ་དང་བསྟུན། མིའི་མཛད་སྤྱོད་འདྲ་མིན་གྱི་དབང་གིས་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ནས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དང༌། འཛམ་གླིང་མི་མང་གིས་དཔལ་འབྱོར་འགྲན་རྩོད་མ་གཏོགས་གཏན་སྡོད་བྱེད་སའི་ཁོར་ཡུག་ལ་དེ་ཙམ་ཞིག་དོ་སྣང་དང་བསམ་བློ་གཏོང་གི་མེད་པས་ལོ་ལྟར་འཛམ་གླིང་ནང་རླུང་འཚུབ་ཀྱི་འཇིགས་པ་དང༌། ཆུ་ལོག་གི་འཇིགས་པ། ས་ཡོམ་གྱི་འཇིགས་པ་ལ་སོགས་ཀྱི་གནས་ཚུལ་རིམ་པས་ཐོན་བཞིན་ཡོད་པ་དེ་རེད།

རྒྱས་པར་གཟིགས།

ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།

གཡུ་སྒང་དགེ་འདུན།   དྷ་ས།
ངས་དེ་རིང་འདིར་སྲང་ལམ་ནང་གི་ཚོང་པ་ཚོའི་སྐོར་གྱི་འཆར་སྣང་ཞིག་འབྲི་འདོད་སྐྱེས། ད་ལོ་ཕྱི་ཟླ་༩ པའི་ནང་དང་ཕྱི་ཟླ་༡༢ པའི་ནང་གཉིས་ལ་སྲང་ལམ་དུ་ཚོང་བཀྲམ་བཞིན་པའི་ཚོང་པ་ཚོའི་དཀའ་སྡུག་དངོས་མཐོང་ལག་ཟིན་དུ་གྱུར་དུས། ངས་ཁོ་ཚོའི་གནས་སྟངས་རྒྱུས་ལོན་གྱིས་གསལ་བཤད་ཐུང་ཐུང་ཞིག་མི་བྱེད་ཐབས་མེད་བྱུང། འཛམ་གླིང་འདིའི་སྒང་གི་འགྲོ་བ་མི་རྣམས་ཀྱིས་རང་ཉིད་འཚོ་བའི་ཆེད་དུ་ཁྲིམས་དང་མཐུན་མིན་སྣ་ཚོགས་ཀྱིས་འཚོ་བ་སྐྱེལ་ཐབས་འཚོལ་བཞིན་ཡོད་ལ།

རྒྱས་པར་གཟིགས།

མི་རིགས་ས་གནས་རང་སྐྱོང་དང་ང་ཚོའི་འབྱུང་འགྱུར་གནས་བབས།

སྦྲ་རིགས་ཐོགས་མེད། གྷོ་པལ་པུར་སློབ་མ།

རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ཁྲོད་དུ་ཆབ་སྲིད་ནི་བསམ་བློ་དང་དབང་ཤུགས་ཀྱི་འཐབ་རྩོད་ཅིག་ཡིན་ལ། འཐབ་རྩོད་འདིའི་གཡོ་འཁྱོམ་ཁྲོད་རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་ཀྱི་སྡེ་ཚན། ཐ་ན་མི་སྒེར་གྱི་གནས་བབས་བཅས་ལའང་ཕྱོགས་ཡོངས་ནས་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་ཡོད།

རྒྱས་པར་གཟིགས།

འབྱུང་འགྱུར་གྱི་བཀའ་ཁྲི་ནི་གཞུང་ཞབས་ཤིག་ངེས་པར་དུ་དགོས།

བེ་རི་དཔལ་ལྡན་རྣམ་རྒྱལ།  ལྷོ་ཕྱོགས།
མང་གཙོའི་གོ་རྟོགས་མཐོ་རུ་ཕྱིན་པའམ་ཡང་ན་ཕྱོགས་ཞེན་གྱི་མེ་ལྕེ་དྲག་ཏུ་འབར་བ་གང་ཡིན་ཡང། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཆབ་སྲིད་ཀྱི་ཡོ་ལངས་ཆེ་རུ་ཕྱིན་པ་དང་མཉམ་དུ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མིར་ཞུགས་པའི་ཆབ་སྲིད་པ་དག་གི་ཟློས་གར་གྱི་འཁྲབ་སྟོན་ཡང་ཇེ་འཁྲུག་ཏུ་ཕྱིན་ཡོད།

རྒྱས་པར་གཟིགས།

གོ་སར་རྔམ་པའི་གུང་ཁྲན་གྱི་རྒྱུག་ཁྱི།

སོག་ཤོད་དར་རྒྱས།  དྷ་ས།
བོད་པའི་སྲོལ་རྒྱུན་གྱི་སྤྱི་ཚོགས་ནང་དུ་བླ་མ་དང་དཔོན་པོ་ཟེར་དུས་ལུས་ངག་ཡིད་གསུམ་གྱིས་བརྩི་བཀུར་ཆ་འཇོག་བྱེད་སའི་མཐོ་རིམ་མི་སྣ་ཞིག་ཡིན་པ་སྨོས་མི་དགོས་ཀྱང། རྒྱ་མི་གུང་ཁྲན་དམར་པོས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ཁྲོད་རིམ་པ་མཐོ་དམན་གང་རུང་གི་དཔོན་རིགས་སྐོར་གླེང་སྐབས་མི་མང་གི་རྒྱུ་ནོར་ཟ་མཁན་དང།

རྒྱས་པར་གཟིགས།

ཨོ་བྷ་མ་དང་ཞི་བདེའི་གཟེངས་རྟགས།

སེར་ཤུལ་རིན་ཆེན་དོན་གྲུབ།

ལྷོ་ཕྱོགས།ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་༢༠༠༩ ལོའི་ཞི་བདེའི་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འབུལ་རྒྱུའི་གསལ་བསྒྲགས་བྱས་མ་ཐག་འགའ་ཞིག་ཧ་ལས་ཧོན་འཐོར་བ་དང། ཆབ་སྲིད་པ་དང་དཔྱད་ཞིབ་པ་མང་པོ་ཞིག་གིས་ཨོ་བྷ་མར་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་སྔ་སོང་ཞེས་དཔྱད་གཏམ་སྤེལ་བ་རེད།

རྒྱས་པར་གཟིགས།