ཐེ་ཝན་ལ་ཕེབས་རྒྱུའི་དུས་ལ་བབ་མེད།
ཉེ་བའི་ཆར་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཡོད་ཚུལ་གསུངས་པ་དང་སྦྲགས། ཐེ་ཝན་གྱི་སྲིད་འཛིན་གྱིས་ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་དེ་དུས་ཚོད་དང་རན་འཚམས་ཤིག་མིན་ཚུལ་ཕྱིར་བསྒྲགས་བྱས་པ་རེད། གནད་དོན་འདིའི་ཐད་ནས་ྋགོང་ས་མཆོག་དང་བོད་གཞུང་གི་ངོས་ནས་ཀྱང་བཞེངས་ཕྱོགས་གསལ་པོ་ཞིག་ངེས་པར་དུ་དགོས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་དེ་ཐེ་ཝན་གཞུང་ལའང་དུས་ཚོད་རན་འཚམས་ཤིག་མིན་པ་ཡིན་ན། བཙན་བྱོལ་བོད་གཞུང་གི་ངོས་ནས་དེ་བས་ཀྱང་རན་འཚམས་ཤིག་མིན།
རྒྱས་པར་གཟིགས།
ཟླ་འདིའི་ཚེས་༥ ཉིན་ནས་བཟུང་ཉིན་གཉིས་རིང་བོད་གཞུང་གི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང༌། སྐབས་དེར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་བསྟན་འཛིན་བཟང་པོ་ལགས་སུ་ད་ལྟ་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་གནས་སྟངས་དེ་ག་འདྲ་ཡོད་མེད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་བོད་ཕྲུག་ཁྱིམ་སྡེའི་འགན་གཙོ་བོ་དེ་བྱིས་པ་བདག་སྐྱོང་དང་ཤེས་ཡོན་གཉིས་ཀ་རེད། བཙན་བྱོལ་བོད་པའི་ཕྲུ་གུ་ཉམ་ཐག་དང༌། དེའི་ཐོག་བོད་ནས་རྒྱ་གར་དུ་སླེབས་པའི་བོད་ཕྲུག་བརྒྱ་ཆ་༧༥ ཙམ་ལ་བདག་སྐྱོང་དང་ཤེས་ཡོན་གྱི་གོ་སྐབས་སྤྲོད་ཀྱི་ཡོད་པ་རེད།