Opinions

རང་བཙན་སླར་གསོའི་སྐྱ་ཐིགས་ཤིག་ངེས་པར་ཕབ་དགོས།

རང་ལག་ཏུ་ཡོད་པའི་མདུན་ལམ་དང༌། རང་བཙན་སླར་གསོའི་ཐོག་གོམ་སྟབས་གཅིག་གྱུར་སྤོ་རྒྱུའི་སྐྱ་ཐིགས་ཤིག་ངེས་པར་ཕབ་དགོས།

སྤོ་ཆུང་ཚང་དོན་གྲུབ་ལྷ་དར།

ང་ཚོ་བོད་བཙན་པོའི་རྒྱལ་ཁབ་ཁ་འཐོར་སིལ་བུའི་རྗེས་ནོར་འཁྲུལ་དང་མགོ་འཐོམ་གྱི་དུས་རིམ་སྣ་ཚོགས་བརྒྱུད། མཐར་བོད་ས་ཡོངས་རྒྱ་ནག་གི་བཙན་འོག་ཚུད་ནས་མི་ལོ་ལྔ་བཅུ་འཁོར་ལ་ཉེ་བ་དང༌། ལྷག་པར་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་དབུ་ཁྲིད་དང་སྲིད་གཞུང་མི་ཡུལ་དུ་གྱར་ནས་ཀྱང་མི་ལོ་ལྔ་བཅུ་འཁོར་ཉེ་ཡོད་ཅིང༌། འདི་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དུས་མཚམས་གལ་ཆེན་ཞིག་དང༌། སླར་གསོན་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་བསྐྱར་ཞིབ་དང་མདུན་སྐྱོད་ནན་འབད་ཀྱི་དམ་བཅའ་གསར་པ་ཞིག་འཇོག་རྒྱུའི་དུས་མཚམས་སུ་སླེབས་ཡོད།

རྒྱས་པར་གཟིགས།

བོད་མིའི་དབུ་ཁྲིད་མུ་མཐུད་དུ་གནང་རྒྱུ་དེ་གནད་འགག་ཆེན་པོ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ལ་ྋགོང་ས་མཆོག་གི་བཀའ་སློབ་དེའི་གནད་དོན་ཐོག་དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས།

ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རིར་ད་ལྟ་ཕྱེད་བགྲེས་ཡོལ་གྱི་ཚུལ་དུ་བཞུགས་ཡོད་པ་དང༌། ལོ་ཤས་ནང་ལ་བགྲེས་ཡོལ་ཆ་ཚང་བཞེས་རྒྱུ་ཡིན། བོད་འཛིན་སྐྱོང་གི་ལས་དོན་ཚང་མ་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པས་གནང་གི་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད། དེ་བོད་མི་ཚང་མར་བློ་འཚབ་སྐྱེ་གཞི་ཞིག་རེད། དེའི་སྐབས་ང་ཕྱི་རྒྱལ་ལ་ཕྱིན་པའི་སྐབས་རེད། གནད་དོན་དེའི་ཐོག་ྋགོང་ས་མཆོག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐུགས་འཚབ་ཆེན་པོས་དེ་འདྲའི་དགོངས་བཞེས་མ་གནང་རོགས། མུ་མཐུད་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རོགས་ཞེས་སྙན་ཞུ་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཕུལ་འདུག དེ་ཡག་པོ་བྱུང་འདུག

རྒྱས་པར་གཟིགས།

བླ་ཆེན་ཞིག་ལ་དྲན་གསོ་བྱས་པར་དོགས་ཟོན་བྱེད་དོན་གང་ཡིན།

འོད་ཟེར་ལགས་ཀྱིས་གསུང་དོན། ལོ་མང་སྔོན་གུས་མོས་ལྷ་སའི་དགའ་ལྡན་ལྡ་མཆོད་ཞེས་པའི་རྩོམ་ཡིག་ཅིག་བྲིས་པའི་ནང་ཉིན་དེའི་མཚན་མོར་ཁྱིམ་ཚང་ཡོངས་ཀྱིས་མར་མེ་མཆོད་པ་དང༌། མི་རེ་ངོ་རེས་དམིགས་བརྩེ་མ་འདོན་པ། སྤོས་དང་བསང་གི་དྲི་ཞིམ་འཐོར་ཞིང་ནམ་མཁར་རྒྱུ་བའི་བསང་གི་མེ་ལྕེ་དེ་ཧ་ཅང་ཆེ་བའི་གློག་ཤུགས་ཤིག་དང་འདྲ་བ་བཀོད་ཡོད། འདས་པའི་ལོ་གཉིས་ཙམ་གྱི་རིང་ནས་དགའ་ལྡན་ལྔ་མཆོད་དེ་སྡོན་དང་བསྡུར་ཐབས་མེད་པར་གྱུར་ཡོད། ༢༠༠༥ ལོའི་དགའ་ལྡན་ལྡ་མཆོད་སྐབས་གུས་མོ་ལྷ་སར་ཡོད། དེའི་སྐབས་ལས་ཁུངས་ཁག་ལ་ཚོགས་འདུ་ཞིག་འཚོགས་ནས་རིམ་པ་གོང་མའི་དགོངས་དོན་གསལ་བསྒྲགས་བྱས་ཡོད་པའི་ནང་གཞུང་ཞབས་པ་ཡོངས་རྫོགས་དང༌། གུང་ཁྲན་གྱི་ཚོགས་མི། དེ་བཞིན་ལས་བཟོ་བ་སོགས་དགའ་ལྡན་ལྔ་མཆོད་གྱི་ཆོས་འབྲེལ་བྱེད་སྒོའི་ནང་ཞུགས་མི་ཆོག་པ་དང༌། དེ་བཞིན་རྒན་ཡོལ་ཐོབ་ཟིན་པའི་མི་སྣ་རྣམས་ཀྱང་ཞུགས་མི་ཆོག དེ་ལྟར་མ་བྱས་ན་རྒས་ཕོགས་སྤྲོད་རྒྱུ་མིན་པ་ནན་བརྗོད་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་དུ་བསྟར་དགོས་པ་རེད།

ཆབ་སྲིད་བཙོན་ཟུར་གྲགས་ཅན་ཕུན་ཚོགས་ཉི་སྒྲོན་ལགས་སུ་བཅར་འདྲི།

དྲི་བ། ཁྱེད་ཀྱིས་གཙོས་བཙུན་མ་དྲུག་གིས་ལྷ་སའི་བར་སྐོར་ནང་བོད་རང་བཙན་གྱི་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པའི་སྐོར་གསུངས་རོགས།

ལན། ཕྱི་ལོ་༡༩༨༩ ལོར་ང་རང་གིས་བཙུན་མ་ལྔ་དང་མཉམ་དུ་ལྷ་སའི་བར་སྐོར་ནང་ནས་བོད་རང་བཙན་གྱི་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་རེད། སྐབས་དེ་དུས་རྒྱ་ནག་གཞུང་གིས་དྲག་པོས་ཁྲིམས་གཞི་སྡོམ་པའི་སྐབས་རེད། ལྷ་ས་རུ་གྲྭ་པ་དང་ཨ་ནེ་ཞིག་རྒྱ་གཞུང་གིས་མཐོང་ས་ཡོད་པ་མ་རེད། ང་ཚོ་ཨ་ནེ་དྲུག་བར་སྐོར་ནང་དུ་འཛུལ་དགོས་དུས་དཀའ་ལས་ཁག་པོ་ཞེ་དྲག་འདུག དེར་བརྟེན་ཨ་ནེ་གཉིས་གཉིས་བྱས་ནས་བར་སྐོར་ནང་དུ་འཛུལ་རྒྱུ་དང༌། མཉམ་དུ་འཛོམས་ཟིན་པའི་རྗེས་སུ་སྐད་འབོད་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་ཚོ་ཨ་ནེ་བཞི་བར་སྐོར་དུ་འཛོམས་པའི་ཚེ་སྒྲིག་ཆས་གྱོན་མེད་པའི་ཉེན་རྟོག་པ་མང་པོས་བསྐོར་ཚར་སོང༌། ང་ཚོས་གྲོས་བསྡུར་བྱས་ནས་ཚང་མ་མཉམ་དུ་མ་འཛོམས་བར་བསྒུགས་པ་ཡིན་ན་སྐད་འབོད་བྱེད་ཐུབ་ས་མ་རེད། དེ་ལས་ང་ཚོས་སྐད་འབོད་འགོ་འཛུགས་བྱེད་ཅེས་སྐད་འབོད་བརྒྱབ་ནས་འཇུས་སོང༌། དེའི་རྗེས་སུ་ཨ་ནེ་གཞན་དེ་གཉིས་ཀྱིས་ཀྱང་ང་ཚོས་སྐད་བརྒྱབ་པ་གོ་ནས་སྐད་འབོད་བྱས་པར་བརྟེན་ཁོང་གཉིས་ཀྱང་འཛིན་བཟུང་བྱས་ནས་ང་ཚོ་མཉམ་དུ་རྒུ་ཚ་བཙོན་ཁང་དུ་བཅུག་ནས་ཚང་མ་འཛོམས་སོང༌།

རྒྱས་པར་གཟིགས།

བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་ཐུབ་ན་སྙམ་པའི་རེ་བ་ཡོད།

གཞིས་བྱེས་མཉམ་འཛོམས་ཞེས་པའི་བོད་ཡིག་གི་དྲ་རྒྱ་གསར་བཟོ་གནང་མཁན་སོག་རྫོང་གེ་བ་ཚང་ངག་དབང་ཐར་པ་ལགས་སུ་བཅར་འདྲི།

གེ་བ་ཚང་ངག་དབང་ཐར་པ་ལགས་ནི། ཁམས་སོག་རྫོང་གི་ཁོངས་གཏོགས། སྲིང་མོ་རྫོང་གི་ཉེ་འགྲམ་སྲིང་སྟེང་གྲོང་ཚོའི་གེ་བ་ཚང་དུ་སྐྱེས་པ་དང༌། བཙན་བྱོལ་དུ་ཡོང་ནས་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་སློབ་སྦྱོང་དང༌། དེང་སྐབས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང༌། གློག་ཀླད་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་བྱེད་བཞིན་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་གཞིས་བྱེས་མཉམ་འཛོམས་ཞེས་པའི་བོད་ཡིག་གི་དྲ་རྒྱ་གསར་པ་ཞིག་བཟོ་སྐྲུན་བྱས་ཡོད་ཚུལ་འདུག་པས་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

རྒྱས་པར་གཟིགས།

ལས་འགུལ་སྤེལ་ཟིན་པ་ལས་ད་དུང་སྤེལ་རྒྱུ་དེ་མང་བ་ལྷག་འདུག

བོད་ཀྱི་གཞོན་ནུའི་ཚོགས་གཙོ་དགོངས་ཞུའི་ཐད་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས་པ།

དྲི་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གློ་བུར་དུ་བློ་ཕམ་ངང་དགོངས་ཞུ་བྱས་པ་ལ་དགོངས་ཚུལ་འདྲ་ཡོད་དམ།

ལན། འདས་པའི་ལོ་ཤས་ནང་གཞོན་ནུའི་ཚོགས་པའི་ནང་གི་འབྲེལ་ལམ་ལ་འདོད་བློ་ཁེངས་པ་ཞིག་མེད་པ་གོ་ཐོས་བྱུང༌། འོས་འདེམས་བྱུང་བའི་ཚོགས་མི་ཁ་ཤས་ས་གནས་འདྲ་མིན་ནས་སླེབས་པ་དང་གཞི་རྩའི་བསམ་ཚུལ་མི་འདྲ་བའི་ཐོག་ནས་མཉམ་རུབ་ཀྱིས་ལས་འགན་སྒྲུབ་སྐབས་ལྟ་བ་གཅིག་པ་ཞིག་ཡོང་རྒྱུར་ཁག་པོ་ཡིན་པ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། འོན་ཀྱང་ཚོགས་གཙོས་ཚོགས་མི་གཞན་པ་ཚོས་ལས་འགན་ཐད་མཉམ་ལས་མེད་ལུགས་བརྗོད་ནས་རང་ཉིད་ཀྱི་ལས་དུས་ཀྱི་དཀྱིལ་མཚམས་སུ་གློ་བུར་དགོངས་ཞུ་བྱས་པ་དེ་ང་ཚོར་བློ་ཕམ་གྱི་གནས་ཚུལ་ཞིག་རེད།

རྒྱས་པར་གཟིགས།

བློ་བཟང་བཀྲ་ཤིས།

བློ་བཟང་བཀྲ་ཤིས་ནི། ༡༩༩༦ ལོར་བཙན་བྱོལ་དུ་འབྱོར་ཞིང་སེ་རྭ་ཐེག་ཆེན་ཆོས་གླིང་དུ་ཆོས་ཞུགས་བྱས། ༢༠༠༠ ལོར་ཕ་ཡུལ་བོད་དུ་ཕྱིན། སླར་ཡང༢༠༠༤ ལོར་བཙན་བྱོལ་དུ་ཡོང་ནས་སེ་རྭ་ཐེག་ཆེན་ཆོས་གླིང་དུ་ནང་ཆོས་དང་ཚན་རིག་འབྲེལ་བའི་ཐད་ལ་སློབ་སྦྱོང་བྱེད་བཞིན་པ་བཅས།

གཞོན་སྐྱེས་རྣམས་ཀྱི་སློབ་གསོའི་ནུས་ཤུགས་དང་བསམ་བློའི་ཁྱེར་སོའི་སྐོར་བརྗོད་དོན།

རྒྱས་པར་གཟིགས།

ལི་ཐང་འཇམ་བཟོད།

ལི་ཐང་འཇམ་བཟོད་ནི། ༡༩༧༩ ལོར་ལི་ཐང་མཚོ་གསུམ་གྱི་ཡ་གྱལ་འཇའ་བར་སྐྱེས། ༡༩༩༠ ལོར་བཙན་བྱོལ་དུ་འབྱོར་ནས་ལྷོ་ཕྱོགས་དང༌། ནོར་གླིང་མཐོ་སློབ་སོགས་འགྲིམས། ༢༠༠༣ ལོ་ནས་ནོར་གླིང་ཉམས་ཞིབ་སྡེ་ཚན་དུ་ལས་དོན་གཉེར་མུས་ཡིན།

བོད་ཡིག་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་བོད་དོན་སྐྱུར་མི་རུང་བའི་སྐོར་བརྗོད་དོན།

རྒྱས་པར་གཟིགས།

བློ་བཟང་ཆོས་འགྲུབ་བམ་བློ་དགའ།

logaབློ་བཟང་ཆོས་འགྲུབ་བམ་བློ་དགའ་ནི་ཁམས་ཉག་ཆུ་རྫོང་ཁོངས་ཨོ་ཐོག་སྡེ་བར་སྐྱེས། ལོ་བརྒྱད་ཀྱི་ཐོག་ནས་ཆོས་སྒོར་ཞུགས་ཤིང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་ཐོག་མའི་གྲས་ཡིན། ༡༩༩༢ ལོར་རྒྱ་གར་དུ་འབྱོར་ཞིང་ད་ལྟ་བྷེལ་ཀོབ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དབུ་མ་ལོ་རིམ་བཞི་པའི་སློབ་གཉེར་བྱེད་མུས་རེད།

རྒྱས་པར་གཟིགས།

དྲང་བདེན་ཡིན་པ་ཙམ་གྱིས་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་རེད།

སློབ་དཔོན་ཆེན་མོ་ཤཱཀྱ་ཚེ་རིང་དབང་འདུས་ལགས་སུ་བཅར་འདྲི།

དབྱིན་ཡུལ་དུ་བཅའ་བཞུགས་སློབ་དཔོན་ཆེན་མོ་ཤཱཀྱ་ཚེ་རིང་དབང་འདུས་ཚེ་རིང་ཤཱཀྱལགས་ནི་༡༩༥༩ ལོར་ལྷ་སར་འཁྲུངས་ཤིང༌། བཙན་བྱོལ་དུ་འབྱོར་ནས་མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་སུ་སློབ་སྦྱོང་དང༌། ལོན་ཌོན་གཙུག་ལག་སློབ་གྲྭ་(School For Oriental and African)ནས་ངད་ཁསློབ་ཐོན་གནང༌། ཁོང་གིས་སྔ་ཕྱིར་ཞིབ་འཇུག་བྱས་པ་བརྒྱུད་ཁ་བའི་ལྗོངས་སུ་འབྲུག་བབས་པ་(The Dragon in the Land of Snow)ཞེས་སོགས་འཛམ་གླིང་དུ་སྐད་གྲགས་ཆེ་བའི་དཔེ་དེབ་ཁག་ཅིག་བརྩམས་ཡོད་པ་དང༌། དེ་བཞིན་ཞིབ་འཇུག་གནང་བའི་གྲུབ་དོན་རྩོམ་ཡིག་གང་མང་ཞིག་རྒྱལ་སྤྱིའི་དུས་དེབ་ཁག་གི་ནང་དུ་བཀོད་ཡོད་པ་རེད། ཁོང་ལ་མཚོན་ན་སློབ་དཔོན་ཆེན་མོའི་ཕྱག་ཁྱེར་བཞེས་པའི་མཁས་དབང་ཞིག་ཡིན་ལ། དེང་སྐབས་ཀྱང་ལོན་ཌོན་དུ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས་མུས་སུ་ཡོད་པ་རེད།

རྒྱས་པར་གཟིགས།