གསར་འགྱུར་གནད་བསྡུས་ཁག

རྒྱ་གཞུང་ལ་ངོ་རྒོལ་བ་ཞིག་གློད་གྲོལ།

ཟླ་འདིའི་ཚེས་༡༥ ཉིན་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག བོད་མི་དབང་མོས་རྒྱ་གཞུང་ལ་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་ནའང་། ཟླ་འདིའི་ཚེས་ ༢༢ ཉིན་གློད་གྲོལ་གཏོངས་སྐབས།

རྒྱས་པར་གཟིགས།

སྦེལ་རྗམ་དུ་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།

ཟླ་འདི་ཚེས་༢༠ ཉིན་སྦེལ་རྗམ་གྱི་རྒྱལ་ས་བྷུ་རུ་ཟལ་ནས་བོད་མི་བརྒྱ་ཕྲག་གཉིས་ལྷག་ཅིག་གིས་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་མདུན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གི་མཙོན་ཁང་ནས་བཀྲོངས་ཡོད་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

རྒྱས་པར་གཟིགས།

ཐེ་ཝེན་མཐོ་རིམ་སློབ་མ་དང་མཉམ་དུ་བོད་དོན་བགྲོ་གླེང་།

ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བོད་རྒྱའི་སྨྱུག་གུ་ཚོགས་དང་བཙན་བྱོལ་བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལའི་པདྨ་ཐང་གསོལ་མགྲོན་ཁང་དུ་ཐེ་ཝེན་མཐོ་རིམ་སློབ་མ་གྲངས་གསུམ་ཅུ་མ་ཟིན་ཙམ་དང་མཉམ་དུ་བོད་དོན་བགྲོ་གླེང་ཞིག་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

བུད་མེད་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ།

ཟླ་འདིའི་ཚེས་༡༥ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག བུ་མོ་དབང་མོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་༸གོང་ས་མཆོག་གི་སྐུ་པར་ཕྱག་ཏུ་བཟུང་ནས་ཡུལ་ཚོའི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཅིང་། གནས་ཚུལ་དེ་བྱུང་རྗེས་ཁོང་མོ་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

རྒྱས་པར་གཟིགས།

རང་སྲེག་རྒྱ་རྒོལ་བ་བསོད་ནམས་སྟོབས་རྒྱལ་སྐུ་གྲོངས་འདུག

ཟླ་འདིའི་ཚེས་༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ ཡས་མས་སུ་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་དུ། ཕ་ཡུལ་ནང་ཆེན་ནས་ཡིན་པའི་གྲྭ་བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ། ཕྱི་ཉིན་ཞོགས་པ་སྐུ་གྲོངས་ཡོད་པ་རེད།

རྒྱས་པར་གཟིགས།

མོན་གྷོ་ཌི་རུ་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༡༤ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གི་ས་གནས་ཀྱི་མི་སྐྱ་ཕོ་མོ་བརྒྱ་ཕྲག་ཁ་ཤས་གཞོན་ནུ་ཚོགས་པའི་ཚོགས་ཁང་ནང་འདུ་འཛོམས་བྱས་ཏེ། རྒྱ་ནག་གི་བཙོན་འོག་དུ་སྐུ་འདས་གྲོངས་སོང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཆེད་དུ་མཆོད་འབུལ་དང་། སྨོན་ལམ་གསུངས་པ་དང། མོ་གྷོ་ས་གནས་ཀྱི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མྱ་ངན་ཞུས་ཡོད་པ་རེད།

རྒྱས་པར་གཟིགས།

འོས་བསྡུའི་སྐབས་སྒྲིག་འགལ་བྱུང་ན་ཉེས་ཆད་འདུག

ཟླ་འདིའི་ཚེས་༡༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༥ པ་འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་སྒྲིག་གཞིའི་ནང་གཏན་འབེབས་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

སྤྲུལ་སྐུའི་ཕུང་པོ་ད་དུང་རྩིས་སྤྲད་མེད་འདུག

ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གི་མནར་གཅོད་འོག་བཙོན་ཁང་ནས་སྐུ་གྲོངས་པའི་དོན་རྐྱེན་བྱུང་བ་དང་། ཟླ་འདིའི་ཚེས་༡༣ ཉིན་ནས་ལི་ཐང་རྫོང་དང་ཉག་ཆུ་རྫོང་ཁོངས་སུ་རྒྱ་གཞུང་གིས་དམག་མི་མང་དུ་བཏང་སྟེ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

རྒྱས་པར་གཟིགས།

དུས་དབང་ཐེངས་༣༤ པ་གནང་རྒྱུའི་གསལ་བསྒྲགས།

༢༠༡༦ ལོའི་ཟླ་བ་ ༡ ཚེས་ ༡༤ ནས་ཕྱི་ཚེས་ ༢༥ བར་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ གནང་རྒྱུ་ཡིན་པས་གསལ་བསྒྲགས་ཆོས་རིག་ལས་ཁུངས་ཀྱིས་སྤེལ་ཡོད་པ་རེད།

རྒྱས་པར་གཟིགས།

མདའ་ཡིའི་དབྱངས་ཞེས་པའི་སྙན་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༡༢ ཉིན་གྱི་ཕྱི་དྲོ་དྷ་ས་བདེ་དོན་ཁོར་ཡུག་ཚོགས་ཁང་དུ་རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ཀྱིས་དབྱིན་ཡིག་ཐོག་བརྩམས་པའི་སྙན་ངག་<<མདའ་ཡིའི་དབྱངས་>> (Song of the Arrow) ཞེས་པ་དེ་དབུ་འབྱེད་བྱས་ཡོད་པ་རེད།

རྒྱས་པར་གཟིགས།