༧གོང་ས་མཆོག་འཇལ་མིན་དུ་ཆིབས་བསྒྱུར།
ཟླ་འདིའི་ཚེས་༡༣ ཉིན་༸གོང་ས་མཆོག་འཇར་མན་རྒྱལ་ཁབ་ཀྱི་ཧེ་སེན་(Hessen) མངའ་སྡེའི་ནང་ཞབས་སོར་འཁོད་སྐབས་ཧེ་སེན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཝོལ་ཀར་བྷོ་ཕར་ (Mr. Volker Bouffier) མཆོག་གིས་གཙོས་ཇར་མན་སྲིད་དོན་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།
ཉིན་དེར་༧གོང་ས་མཆོག་དང་། མངའ་སྡེའི་སྲིད་ལྷན་རྒྱས་འཇར་མིན་བོད་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ། ཆུ་ཚོད་ ༡ལྷག་གསུང་མོལ་མཛད་གྲུབ་མཚམས། ༧གོང་ས་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་དང་། བྲག་གཡབ་སྐྱབས་མགོན་མཆོག་དང་ལྷན་ཆིབས་སྒྱུར་གྱིས་གསར་འགོད་པར་བཀའ་སློབ་སྙིང་བསྡུས་ཤིག་ཕེབས་དོན།ངོས་རང་དེ་རིང་བོད་ཁང་ནས་མགྲོན་འབོད་བྱས་པ་ལྟར་འདི་གར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གང་ལགས་ཞེ་ན།འདིའི་ནང་བོད་ཀྱི་རིག་གཞུང་སྤྱི་དང་ཡང་སྒོས་སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་ཡུལ་གྱི་བསྟི་གནས་ཁང་ཞིག་ཆགས་སྲིད་ངེས་རེད།དེང་སྐབས་ཚན་རིག་པ་མང་དག་ཅིག་གིས་ནང་བསྟན་གྱི་སེམས་ཁམས་རིག་པ་གཙོས་གནའ་བོའི་རྒྱ་གར་གྱི་སེམས་ཁམས་རིག་པར་ཁ་ཞེ་གཉིས་མེད་ཐོག་ནས་དོ་སྣང་བྱེད་ཀྱི་འདུགདེར་བརྟེན་བསྟི་གནས་ཁང་འདི་ཆོས་ལུགས་ཁོ་ན་མ་ཡིན་པར་ཞིབ་འཇུག་བྱེད་མཁན་གྱི་བསྟི་གནས་ཁང་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད།ད་ཆ་བྲག་གཡབ་རིན་པོ་ཆེར་ལས་ཀ་མང་དུ་འགྲོ་ཡི་རེད།ལྷག་པར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ངོས་རང་བོད་ཁང་དུ་ཕེབས་བསུའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་གནང་ཡོད་པ་རེད།།