ས་སྐྱ་༸གོང་མ་རིན་པོ་ཆེར་ཆིབས་བསུ།

དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་འདས་པའི་ཟླ་བ་བཞིའི་རིང་བྱང་ཨ་རི་དང་ཡོ་རུབ་སོགས་སུ་བོད་རིགས་གཙོ་བོར་གྱུར་པའི་ཆོས་ཞུ་བ་དང་། དོན་གཉེར་ཅན་ཡོངས་ལ་ནང་ཆོས་ངོ་སྤྲོད་དང་བླང་དོར་བཀའ་སློབ་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་ཆེར་བསྩལ་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་སྒྲུབ་ཟིན་ནས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྔ་དྲོ་ཚོུད་༡༡ ཐོག་ཕྱིར་བཞུགས་སྒར་ར་ཛ་སྤུུལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ་ཕེབས་ཡོད་པ་རེད།

སྐབས་དེར་གཞི་ཆགས་ཁག་གི་གཞིས་འགོ་དང་འབྲེལ་ཡོད་བླ་བྲང་ཁག་སོགས་ཀྱི་དབུ་འཛིན་ལས་སྣེ་རྣམ་པ་དབུས་པས་འབྲེལ་ཡོད་གྲྭ་བཙུན་དང་ས་གནས་མི་མང་སོགས་ཀྱིས་དགའ་སེམས་འཁོར་བའི་ཐོག་ནས་ཕེབས་བསུའི་སེར་སྦྲེངས་དང་དུང་རྒྱལ་སྤོས་སྣེས་མདུན་བསུས་ཏེ་ཆིབས་བསུ་ཞུས་ཡོད་པ་རེད།

རིང་མིན་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་དྲྭ་ཚིགས་ཐོག་གནས་ཚུལ་སྤེལ་གསལ་ལ་གཞིགས་ན་དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་གང་ཉིད་ཀྱིས་རིང་མིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུངས་སུ་ཡོད་པའི་དགོན་སྡེ་ཁག་གཅིག་ལ་འཚམས་གཟིགས་གནང་རྒྱུའི་མཛད་འཆར་ཁག་ཅིག་ཀྱང་འཁོད་འདུག།

ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས་གནས་ཚུལ་མཁོ་སྤྲོད་གནང་།།