Sarah
ས་རཱའི་སློབ་མ་ཞིག་གིས་བརྗོད་གསལ་ལྟར་ན་བརྡ་སྤྲོད་དགེ་རྒན་འཛིན་ཁང་སྒོ་ཁ་ནས་ཚུར་མཐོང་ཚུར་ཡོང་དུས་སློབ་མ་ཚང་མའི་གདོང་གི་འཛུམ་མདངས་ཡལ་ཞིང༌སེམས་ལ་སུན་སྣང་གི་རྣམ་པས་ཁེངས་ནས་མགོ་བོ་སྒུར་སྒུར་བྱེད་དེ་ཆུ་ཚོད་གཅིག་གི་རིང་ལ་དུས་ཚོད་འགྲོ་མ་ཐུབ་པའི་སྡུག་བསྔལ་ལྕི་མོ་ཞིག་གིས་མནན་ནས་ཏིང་ཏིང་གི་སྒྲ་ལ་སྒུག་ནས་བསྡད་ཡོད།
བརྡ་སྤྲོན་རྒན་འཛིན་ཁང་སྒོ་ནས་ཕར་འགྲོ་ཚར་རྗེས་སློབ་མ་ཚོས་ཆུ་ཚོད་གཅིག་གི་སྡུག་ཡུས་ཀྱི་དབུགས་རིང་དེ་ཕྱི་ལ་བཏང་ནས་ཁོ་ལ་འཕྱ་སྨོད་དང༌། འཁང་རས་འཛིན་ཁང་ཁེངས་ནས་བསྡད་ཡོད་ཅེས་བཤད་སོང༌། ད་དུང་སློབ་མ་ཚོས་སེམས་ཁམས་ལ་སི་ཏུ་འགྲེལ་ཆེན་ནི་ནམ་ཡང་ཤེས་མི་ཐུབ་པའི་གླེགས་བམ་མཁྲེགས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་སི་ཏུ་འགྲེལ་ཆེན་ཞེས་པའི་དེབ་དེ་མིག་གིས་མཐོང་དུས་ཁོང་ཚོས་ལྟ་འདོད་མེད་པ་དང༌། ཉོབ་སྣང་སྐྱེ་གི་ཡོད་ཅེས་བཤད་སོང༌།