བོད་ཀྱི་མཐོ་རིམ་སློབ་མ་༨༠ ལྷག་ཉེན་རྟོག་པས་བཀག་ཉར།

ཟླ་འདིའི་ཚེས་༡༧ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་གྷུ་ཅི་ར་ཐི་མངའ་སྡེའི་ནང་འབྱོར་གྱི་ཡོད་པར་བརྟེན། ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་ཉེན་རྟོག་པས་གྷུ་ཅི་ར་ཐིའི་མངའ་སྡེའི་བྷ་ར་ཊིའི་བོད་ཀྱི་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་མི་གཙོས། བོད་ཀྱི་མཐོ་རིམ་སློབ་མ་༨༠ ལྷག་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་དོགས་གཞིའི་འོག བཀག་ཉར་བྱས་ཡོད་པ་རེད།

10609724_761602773904573_67དེ་ཡང་ཟླ་འདིའི་ཚེས༡༦ ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེང་རྒྱ་གར་ནང་ཐོག་མར་འབྱོར་ ཡུལ་རྒྱ་གར་གྷུ་ཅུ་ར་ཊི་མངའ་སྡེ། བྷོ་ར་ཊའི་བོད་ཀྱི་མཐོ་རིམ་སློབ་མའི་སྡོད་ཁང་དུ་གློ་བུར་རྒྱ་གར་ཉེན་རྟོག་པ་མང་པོ་འབྱོར་ནས་བོད་ཀྱི་གཞོན་ལྷན་ཚོགས་མི་གཙོས་བོད་ཀྱི་མཐོ་རིམ་སློབ་མ་༨༠ ཙམ་འཛིན་བཟུང་བཀག་ཉར་བྱས་པ་དང་། སློབ་མའི་སྡོད་ཁང་གི་ཚོགས་ཁང་ནང་བོད་ཀྱི་སློབ་མ་མང་པོ་ཉེན་ རྟོག་པས་སྐོར་ནས་བཀག་ཉར་བྱས་ཡོད་འདུག

ཉེན་རྟོག་པས་བཀག་ཉར་ཁང་དུ་མ་ཁྲིད་པའི་སློབ་མ་ཚོས་ཟས་བཅད་ངོ་རྒོལ་བྱས་ནས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ཕྱི་ཚེས་༡༧ ནས་༡༩ ཉིན་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་གནང་གི་ཡོད་པ་དང་། ཁོང་རྒྱ་ནག་གི་སྲིད་འཛིན་ཆགས་ནས་རྒྱ་གར་དུ་ཕེབས་པ་ཐེངས་དང་པོ་ཡིན་་རེད།

སྐབས་དེར་ཁོང་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་གྲོང་ཁྱེར་ཨ་མེ་ཌ་བྷ་ཌེ་Ahmedabad ནང་ རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེའི་དགུང་གྲངས་༦༤ ལ་ཕེབས་པའི་སྐྱེས་སྐར་ཐོག་ཞུགས་རྒྱུ་ཡིན་འདུག

རྒྱ་གར་གཙོས་ཕྱི་རྒྱལ་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ནང་དུ་དྲག་གནོན་དམ་དྲག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་དང་། ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད། ལྷག་པར་དུ་ལྡི་ལི་རུ་བོད་ཀྱི་གཞོན་ནུ་ལྷན་ཚོས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད།

དེ་བཞིན་ཐེངས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྱི་གྲོས་ཚོགས་འཚོགས་བཞིན་ཡོད་བརྟེན། ཟླ་འདིའི་ཚེས་༡༦ ཉིན་གྲོས་ཚོགས་ནང་ཞིན་ཅིན་ཕིང་རྒྱ་གར་དུ་ཕེབས་འབྱོར་སྐོར་ལ་བགྲོ་གླེང་བྱས་པ་དང་། བོད་ནང་གི་དཀའ་ངལ་སེལ་དགོས་སྐོར་གྱི་རེ་འདུན་བཏོན་ཡོད་པ་རེད།།

10370906_761602470571270_3 10410764_761602553904595_4010 10659228_761602833904567_25