ཆབ་སྲིད་བཙོན་པ་སྐལ་བཟང་བསྟན་འཛིན་གློད་གྲོལ།
སྐལ་བཟང་བསྟན་འཛིན་གྱིས་༡༠༡༢ ལོའི་ཕྱི་ཟླ་༧ ཚེས་༤ ཉིན་དཀར་མཛེས་རྫོང་ཁྲོམ་གཞུང་དུ་རྒྱ་ནག་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཆད་བཅད་པ་དང་། ༢༠༡༣ ལོའི་ཕྱི་ཟླ་༡༢ ཚེས་༡༧ གློད་གྲོལ་བཏང་སྟེ་རང་ཁྱིམ་དུ་སླེབས་ཐུབ་ཡོད་པ་རེད།
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྐལ་བཟང་བསྟན་འཛིན་ནི་ཁམས་དཀར་མཛེས་རྫོང་། མཐིང་ཁ་ཡུལ་ཚོ་རུ་ཁག་གཉིས་པ་ནས་ཡིན་པ་དང་། ༢༠༡༢ ལོའི་ཕྱི་ཟླ་༧ ཚེས་༤ ཉིན་ དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཁོང་གིས་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་ལ་རང་དབང་དགོས་ཞེས་པ་སོགས་ཀྱི་སྐད་འབོད་བརྒྱབ་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས། དཀར་མཛེས་རྫོང་ཉེན་རྟོག་པས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་བ་དང་། རྗེས་སུ་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མེའུ་ཡཱན་བཙོན་ཁང་དུ་(四川绵阳监狱) བཙོན་འཇུག་བྱས་ཡོད་པ་རེད།
ཉེ་ལམ་རྒྱ་ནག་གཞུང་གིས་བཙོན་ཁང་དེར་བསྒྱུར་བཅོས་གཏོང་རྒྱུ་ཡིན་ཚུལ་བརྗོད་དེ་བཙོན་པ་ཁག་ཅིག་ཀློད་གྲོལ་གྲོལ་བཏང་ཡོད་འདུག་ལ། སྐལ་བཟང་བསྟན་འཛིན་ཡང་ཕྱི་ཟླ་༡༢ པའི་ཚེས་ ༡༧ ཉིན་ཕྱིར་རང
ཁོང་གི་ཕ་མིང་ལ་བློ་བཟང་རྒྱལ་མཚན་དང་མ་མིང་ལ་བཀྲ་ཤིས་མཁའ་འགྲོ་ཟེར་གྱི་ཡོད་་ཁྱིམ་དུ་ལོག་ཡོད་པ་དང་། སྐབས་དེར་ནང་མི་གཉེན་འབྲེལ་ཚོས་ཁ་བཏགས་བཟུང་སྟེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
པ་དང་། ད་སྐབས་རང་ལོ་ ༢༣ ཡིན་འདུག རྒྱ་གཞུང་གི་བཙོན་ཁང་གི་ལག་ཁྱེར་ཐོག་ཁོང་གི་མིང་ལ་ཀཱ་ཝུ་ཞེས་བྲིས་ཡོད་འདུག