བོད་ནང་དུ་ཆུ་རགས་བརྡོལ་བ།

བོད་གཞིས་ཀ་རྩེ་དྲག་ཆར་ཤུགས་ཆེན་བབ་རྐྱེན། ཆུ་རགས་ཤིག་བརྡོལ་ནས་ཉེ་འགྲམ་གྱི་གྲོང་གསེབ་གསུམ་ལ་ཆུ་ལོག་བརྒྱབ་ཡོད་འདུག

ཟླ་འདིའི་ཚེས་༣ ཉིན་གྱི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་གསལ། བོད་གཞི་ཀ་རྩེའི་ས་ཁུལ་གྱི་ལྷ་རྩེ་རྫོང་དུ་དྲག་ཆར་ཤུགས་ཆེན་བབ་ནས། ཡར་ཀླུང་གཙང་པོའི་ཆུའི་མཐོ་ཚད་འཕར་བ་དང་། དེའི་ཆུ་རགས་ཤིག་བརྡོལ་ཡོད་པ་རེད། དེར་རྟེན་ཉེ་འཁོར་གྱི་གྲོང་གསེབ་གསུམ་ལ་ཆུ་ལོག་བརྒྱབ་ནས། ཞིང་ཁ་དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་(Hectare)༡༠༠ ཙམ་ལ་གནོད་སྐྱོན་བྱུང་ཡོད་པ་དང་། ད་ལྟའི་ཆར་ལ་མི་དང་སྲོག་ཆགས་ལ་གནོད་སྐྱོན་བྱུང་ཡོད་མེད་སྐོར་ལ་གནས་ཚུལ་གང་ཡང་ཐོན་མི་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།