མི་མང་གང་མང་གིས་འོས་བསྡུའི་ཆེད་དེབ་འགོད་གནང་བའི་རེ་སྐུལ་ཞུས་སོང་།
བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུར་མཉམ་ཞུགས་བྱེད་ཆེད་དུ། འོས་འཕེན་པ་ཚོས་དེབ་འགོད་གནང་རྒྱུ་གལ་ཆེན་ཡིན་པ་དང་། དབུས་འོས་བསྡུ་ལས་ཁང་ནས་དེབ་འགོད་ཀྱི་ཆ་རྐྱེན་གང་ཡོང་བསྐྲུན་ཆེད་གྲ་སྒྲིག་ཡོད་སྐོར་གསུངས་སོང་།
ཟླ་༨ པའི་ཚེས་༢༡ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་འགན་འཛིན་ལས་རོགས་གཉིས་མཉམ་ཞུགས་ཀྱིས། གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་གསུང་དོན་དུ། འོས་འཕེན་པའི་མིང་གཞུང་དེབ་འགོད་གསར་དུ་གནང་གཏན་འཁེལ་ཡོད་པར་བརྟེན། ༢༠༢༠ ལོའི་ཟླ་༩ པའི་ཚེས་༡ ནས་ཟླ་༡༠ པའི་ཚེས་༡༥ བར་ས་གནས་ཁག་ཏུ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པས། མི་མང་གང་མང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། སྒྲིག་འཛུགས་ནང་དུ་གསལ་བ་བཞིན་འོས་འཕེན་པ་སོ་སོའི་དང་བླངས་དཔྱ་དངུལ་འབུལ་འབབ་དེ་ཕྱི་ལོ་༢༠༢༠ ལོའི་ཟླ་༣ པའི་ཚེས་༣༡ བར་གཙང་འབུལ་ཟིན་པ་ངེས་པར་དགོས་སྐོར་གསུངས་སོང་།
དེ་བཞིན་འོས་བསྡུ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། རབ་བྱུང་ནས་བོད་མི་ཚོས་རང་ཉིད་གཏན་སྡོད་ཀྱི་ས་གནས་ནས་འོས་འཕེན་པའི་དེབ་འགོད་བྱེད་དགོས་པ་དང་། དེ་ལྟར་མ་བྱུང་ནའང་ས་གནས་གང་དུ་ནས་ཀྱང་དེབ་འགོད་བྱས་ནས་འགྲིག་གི་ཡོད་པས། དེབ་འགོད་ངེས་པར་དུ་བྱེད་ཐུབ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
གསར་འགོད་པ་སྐལ་བཟང་དོན་གྲུབ།