མི་ལོ་༥༤ ནང་ཁ་བ་ཐེངས་དང་པོ་བབས་པ།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་སྦི་སྦི་སི་གསར་ཁང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་༢༤ ཉིན་ཉི་ཧོང་གི་རྒྱལ་ས་ཊོ་ཀྱོ་རུ་ཁ་བ་ཆེན་པོ་བབས་ཡོད་པ་དང་། དེ་ནི་འདས་པའི་མི་ལོ་༥༤ ནང་ཐེངས་དང་པོ་བྱུང་བ་ཡིན་འདུག

15174561_278250385910357_203725565_nམི་མང་སྐྱེལ་འདྲེན་འཕྲུལ་འཁོར་རྣམས་ཀྱང་ལམ་བར་དུ་རྒྱུན་རིང་འགག་ཏེ་ལས་མི་རྣམས་ལས་ཀ་ལ་དུས་ཐོག་ཏུ་འབྱོར་མ་ཐུབ་པའི་གནས་ཚུལ་ཡང་འདུག

ནམ་རྒྱུན་ཕྱི་ཟླ་༡༡ པའི་ནང་ཡུལ་དེའི་གནམ་གཤིས་དྲོ་གྲང་གི་ཚད་གཞི་༡༠ ནས་༡༧ (10C – 17C)བར་ཡིན་འདུག་ཀྱང་། འདི་ལོར་གྲང་དུ་ཕྱིན་ཏེ་དྲོ་གྲང་གི་ཚད་གཞི་ཀླད་ཀོར་དུ་མར་ཆག་ནས་ཁ་བ་འབབ་བཞིན་ཡོད་པར། རྒྱལ་སར་གནས་སྡོད་བྱེད་མཁན་རྣམས་ཧང་སང་ཡོད་འདུག  ཁ་བའི་འབྱུང་རྐྱེན་ནི་རྒྱུན་གཏན་མ་ཡིན་པའི་གྲང་ངར་ཞིག་གྲོང་ཁྱེར་གྱི་ཁྱོན་ཡོངས་སུ་བྱུང་ཡོད་པ་དེ་ཡིན་ཚུལ་འདུག

དེ་བཞིན་ཉི་འོང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གནམ་གཤིས་རིག་པ་བས་ལམ་འཕྲེང་རྣམས་སུ་འཁྱགས་པ་ཆགས་སྲིད་སྐོར་བརྗོད་ཡོ་དའདུག་ལ། དེ་བཞིན་གློག་སྐུད་དང་། ཤིང་སྡོང་སྟེང་ལ་ཡང་ཁ་བ་མཐུག་པོ་ཡོད་པ། གཞན་ད་དུང་སྔོ་ཚལ་གྱི་ཆེད་དུ་དམིགས་པའི་འགྱིག་ཁང་ལྗང་ཁུ་མང་པོ་ལྡིབ་སྐྱོན་ཤོར་ཡོད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།