རང་སྲེག་རྒྱ་རྒོལ་བ་ཞིག་གི་བཟའ་ཟླ་དང་འབྲེལ་ཡོད་འཇུ་བཟུང།

རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ་བྱེད་མཁན་སངས་རྒྱས་མཚོའི་ཁྱོ་ཀ་བརྟན་མགྲིན་དབང་རྒྱལ་དང། འབྲེལ་ཡོད་གྲྭ་པ་ཁག་ཅིག་རྒྱ་གཞུང་གིས་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥ ཚེས་༢༧ ཉིན་གྱི་དགོང་མོར། ཀན་སུའུ་ཞིང་ཆེན་བོད་ཨ་མདོ་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་རུ་ཁག་གི་སྒོ་ཁར། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་འདས་གྲོངས་སོང་ཡོད་པ་རེད། དེ་རྗེས་ཟླ་འདིའི་ཚེས་༤ ཉིན་དགོན་པ་དེའི་གྲྭ་བསམ་གཏན་རྒྱ་མཚོ་འཛིན་བཟུང་བྱས་ཡོད་པ་དང། ཚེས་༥ ཉིན་གྲྭ་བློ་བཟང་བསྟན་འཛིན་གར་སོང་ཆ་མེད་ཆགས་ཡོད་འདུག ཚེས་༡༠ ཉིན་སངས་རྒྱས་མཆོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་འཛིན་བཟུང་བྱས་པ་མ་ཟད། ཉིན་དེར་གྲྭ་འཕྲིན་ལས་རྒྱ་མཚོ་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག
ད་ལྟ་ས་གནས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཆེ་བས། གནས་ཚུལ་ཆ་ཚང་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པ་དང་། ཁོང་འཇུ་བཟུང་དགོས་དོན། སངས་རྒྱས་མཚོས་རྒྱ་ནག་གི་དབང་བསྒྱུར་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་པར་འབྲེལ་བ་ཡོད་པའི་དོགས་གཞིའི་འོགས་འཇུ་བཟུང་བྱས་པ་ཞིག་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
རང་སྲེག་ངོ་རྒོལ་བ་ཞིག་གི་སྤུན་ཉེ་རྒྱ་གཞུང་གིས་འཇུ་བཟུང་།

བོད་མདོ་སྨད་ཅོ་ནེ་རྫོང་ཁོངས་ནས་བུད་མེད་ཅིག་གི་རང་སྲེག