སྐུའི་འཁྲུངས་སྐར་གྱི་ཤིས་བརྗོད།
སྐུའི་འཁྲུངས་སྐར་གྱི་ཤིས་བརྗོད།
ལྷ ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་
ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ ་
སྐ ལ་༸སྤྱི་ནོར་༸གོང་ས་༸སྐྱ བས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་ལོ་ཕྱི་ལུགས་དགུང་གྲངས་
༧༩ ལ་ཕེབས་པའི་སྐུ འི་འཁྲུངས་སྐར་དུས་སྟོན་ཁྱད་པར་ཅན་ལ་འཚམས་ཞུའི་བཀྲ་ཤིས་བདེ་ལེགས་གྲངས་
མེད་དང་ཆབས་ཅིག་མགོན་པོ་གང་ཉིད་ནི་བདེན་པ་དང་ལྟོས་གྲུབ་ལ་གཞི་བཅོལ་ཏེ་བྱམས་བརྩེའི་ལམ་ནས་
འཛམ་གླིང་སྐྱེ་འགྲོ་ཀུན་ཞི་བདེའི་གླིང་དུ་འཁྲིད་པའི་དེད་དཔོན་བླ་མེད་དུ་སོང་གཤིས་གླིང་ཆེན་འདིའི་སྐྱེ་འགྲོ་
ཡོངས་ཀྱི་འདི་ཕྱིའི་ཕན་བདེ་འཕེལ་འགྲིབ་ཇི་ལྟར་འབྱུང་མིན་ཡང་མགོན་པོ་གང་ཉིད་སྐུ་འཚོ་བཞུགས་ལ་
རག་ལས་པས་ན་གང་ཉིད་སྐུ ་ཚེ་བསྐལ་བརྒྱར་བརྟན་ཅིང་རླ བས་ཆེན་ཐུ གས་བཞེད་ཟབ་མོ་མཐའ་དག་གེགས་
མེད་ལྷུན་གྱིས་འགྲུ བ་པ་དང་ལྷག་པར་གཉིས་སྨན་དབུ་མའི་ཐབས་ལམ་བཟང་པོར་བརྟེན་ནས་གཞིས་བྱེས་
ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་མཉམ་འཛོམས་ཐོག་ཟབ་གསལ་གསུང་གི་བདུད་རྩི་ལ་ངོམས་མེད་
ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་གི་རེ་ཁ་མངོན་འགྱུར་ཡོང་བའི་སྨོན་འདུན་ཤུ གས་དྲག་དང་བཅས་དགའ་ལྡ ན་
ཤར་རྩེ་ཐོས་བསམ་ནོར་གླིང་ཆེས་མཐོའི་ནང་བསྟན་གཙུ ག་ལག་སླ ོབ་གཉེར་ཁང་གི་དགེ་སླ ོབ་ཡོངས་ནས་
ཤིས་སྨོན་གྱིས་བརྒྱན་ཏེ་ཕྱི་ལོ་ ༢༠༡༤ ཕྱི་ཟླ ་ ༧ ཚེས་ ༦ ཉིན་ཕུལ་བ་དགེ་ལེགས་འཕེལ།།