སྐྱབས་བཅོལ་བ་༨༠,༠༠༠ ལྷག་ཕྱིར་འབུད་བྱ་འཆར།

ཡུ་རོབ་སེ་ཝེན་ཊི་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་བ་༨༠,༠༠༠ ལྷག་ཕྱིར་འབུད་བྱ་འཆར་ཡོད་འདུག

126502ཕྱི་ལོ་༢༠༡༥ ལོར་ཡུ་རོབ་ལུང་པ་ཁག་ནང་སེ་རི་ཡ་དང་དམག་འཁྲུག་གི་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་ཁག་ནས། སྐྱབས་བཅོལ་བའི་གྲངས་ས་ཡ་མང་པོ་སླེབས་ཏེ། དཀའ་ངལ་འཕྲད་བཞིན་ཡོད་ཁར། ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། སེ་ཝིན་ཊི་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་ཞུས་ནས་ངོས་ལེན་མ་ཐོབ་པའི་སྐྱབས་བཅོལ་བ་རྣམས་ཕྱིར་འབུད་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

སེ་ཝིན་ཊིའི་ནང་སྲིད་བློན་ཆེན་གྱིས་མི་གྲངས་༦༠,༠༠༠ ཕྱིར་འབུད་བྱ་འཆར་ཡོད་ཀྱང། མི་གྲངས་༨༠,༠༠༠ ལ་འཕར་སྲིད་པ་དང། ཟླ་འདིའི་ཚེས་༢༨ ཉིན་སྐྱབས་བཅོལ་བ་ཚོར་ལྟ་རྟོགས་བྱེད་མཁན་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པར། ཕྱིར་འབུད་ཀྱི་ལས་འཆར་ལ་གྲ་སྒྲིག་དགོས་པའི་བརྡ་བཏང་ཡོད་སྐོར་སོགས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་འདུག

རྒྱལ་ཁབ་དེས་ལོ་སྔོན་མར་སྐྱབས་བཅོལ་བ་འབུམ་གཅིག་དང་ཁྲི་དྲུག་བླངས་ཡོད་པ་དང་། ཉེ་བའི་ཆར་ཡུ་རོབ་ཀྱི་ལུང་པ་ཁག་ནང་སྐྱབས་བཅོལ་བའི་ཁྲོད། དྲག་རྩུབ་ཀྱི་བྱ་སྤྱོད་ལ་འཇུག་མཁན་མང་དུ་ཕྱིན་པས། སྐྱོན་བརྗོད་དང་མི་དགའ་བའི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་བས། དེ་དག་ལ་བཟང་སྤྱོད་ཀྱི་འཛིན་གྲྭ་འཚོགས་པ་ཡང་བྱུང་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།