རྨ་ཆུ་རྫོང་དུ་བོད་མི་ལྔ་ལ་ཁྲིམས་ཆད།

ཁོང་ཚོའི་ཉེས་མིང་གཙོ་བོ་ནི་ཞི་བའི་འོས་ལངས་ཀྱི་སྣེ་ཁྲིད་མཁན་དང་རྒྱལ་དམངས་ཀྱི་རྒྱུ་དངོས་ལ་གྱོང་རྒུད་ཚབས་ཆེན་གཏོང་མཁན་གྱི་ཉེས་མིང་བཙན་འགེལ་བྱས་ཡོད་འདུག ཁོང་ཚོ་གསུམ་འཛིན་བཟུང་བྱ་ཡུལ་རྨ་ཆུ་རྫོང་དུ་ཡིན་ཚུལ་ལས་འཛིན་བཟུང་དུས་ཚེས་གསལ་པོ་ཤེས་མེད་པ་དང༌། ཕྱི་ཟླ་༣ ཚེས་༢༢ ནས་༢༣ བར་འཛིན་བཟུང་བྱས་པའི་རྨ་ཆུ་སྨད་མ་ཞང་མཚན་སྒྲོག་དགོན་གྱི་གྲྭ་གསར་པ་ཚང་བློ་གྲོས་ལ་སྨད་མ་ཤང་གི་སྒེར་ལངས་ཀྱི་སྣེ་ཁྲིད་གཙོས་གྲས་ཡིན་ཚུལ་གྱི་ཉེས་མིང་འོག་ཁྲིམས་ཆད་ལོ་༡༢ བཅད་ཡོད་པ་དང༌། དེ་བཞིན་རྨ་ཆུ་སྨད་མ་ཤང་མཚན་སྒྲོག་མཐའ་བ་ནས་ཡིན་པའི་སྤུས་སྦྱིན་ཚང་དཀོན་མཆོག་ལ་ཁྲིམས་ཆད་ལོ་༡༠ ཁོང་གཉིས་ལ་ཁྲིམས་གཅོད་དུས་ཚེས་ཧོར་ཟླ་༡༠ ཚེས་༡༥ ཉིན་ཡིན་འདུག བོད་ཟླ་༥ ཚེས་༡༤ ཉིན་མུ་ར་དགོན་གྱི་གྲྭ་གསུང་རབ་རྔ་བ་རུ་བསྐྱར་དུ་འཛིན་བཟུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་པ་ད་དུང་གློད་གྲོལ་བཏང་ཡོད་མི་འདུག།