མོན་གྷོ་རུ་ལོ་གསར་ཐུགས་སྤྲོའི་རྣམ་པ་མི་སྟོན་པའི་ཐག་གཅོད།
དུས་རབས་ཉེར་གཅིག་པ་འདིའི་ནང་འཛམ་གླིང་མཐའ་དབུས་ཀུན་ཏུ་གནས་པའི་འགྲོ་བ་མིའི་སྤྱི་ཚོགས་ནང་མང་གཙོ་དང་རང་དབང་ཐོབ་ཐང་སོགས་ཁྱབ་ཆེ་ཞིང་འགྲོ་བ་མིའི་སྤྱི་ཚོགས་མང་ཆེ་བ་ཐོབ་ཐང་དེ་དག་ལོངས་སུ་སྤྱོད་བཞིན་དུས་རབས་འདིར། གཞིས་ལུས་རྒྱ་ཆེའི་མི་མང་ལ་མཚོན་ན་སྤྱི་གཙུག་མེ་མདའ་དང་འགྲོགས་བཞིན་ད་ལྟའི་བར་དུ་གནས་པ་དང༌། ལྷག་པར་དུ་ལོ་འདིའི་ནང་བོད་ས་ཡོངས་སུ་ཞི་བའི་རྒོལ་ལངས་བྱུང་བར་རྒྱ་ནག་གཞུང་གིས་ཡ་ང་ཡིད་སྐྱོའི་དྲག་དམག་བཏང་སྟེ་རང་རེ་ཆོལ་གསུམ་བོད་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང་སྟོང་ཕྲག་མང་པོ་བཙོན་བཅུག་མནར་གསུམ་སོགས་ཚད་ལས་བརྒལ་བའི་བྱུས་ངན་སྤེལ་བའི་འོག་བོད་མི་སྤུན་ཟླ་རྣམས་ཀྱི་ཚེ་སྲོག་ཤོར་ཟིན་པའི་ཆེད་དུ་མྱ་ངན་གུས་འདུད་དང༌། གཞིས་བཞུགས་བོད་མི་སྤུན་རྡུང་རྡེག་བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་དུ་དམིགས་ནས་འདི་ག་མོན་གྷོ་ས་གནས་སུ་གོང་བརྗོད་བཞིན་ལོ་གསར་སྐབས་སུ་རྩེད་རིགས་འདྲ་མིན་སོགས་དགའ་སྦྲོའི་རྣམ་པ་མི་སྟོན་པའི་གྲོས་ཐག་ཆོད་པ་བཞིན་དེ་ལྟར་བྱ་གཏན་འཁེལ་སོང་ཞེས་འགྲེལ་བརྗོད་གནང་སོང༌།།
མོན་གྷོ་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།
