རྒྱ་གར་འགས་བོད་མིར་སྐྱོན་བརྗོད་བྱས་འདུག

འོན་ཀྱང༌། ཁོང་ཚོས་བོད་པས་གྲོང་སྡེ་ཁག་ཏུ་གསར་རྒྱག་བྱས་དང་བྱེད་བཞིན་པའི་སྡོད་ཁང་དང་རྒྱ་གར་བ་དང་བོད་པའི་ས་ཞིང་གི་མཚམས་ཅུང་འདྲེས་ཡོད་རིགས་དང༌། དེ་བཞིན་བོད་པའི་གྲོང་སྡེ་ཁག་དང་གྲྭ་ཚང་ཁག་གི་ཆུ་སྙིགས་རྒྱ་གར་ཞིང་སར་རྒྱུགས་ཡུལ་དང༌། ཚོང་གི་ཉོ་ལེན་སོགས་ཀྱི་སྐབས་ལམ་འགྲོ་མ་རྒྱུགས་པའི་དབང་གིས་རྒྱ་གར་དང་གླེང་རྙོག་ཅུང་ཡོད་པའི་སྡོད་ཁང་རིགས་སོགས་རེ་རེ་བཞིན་དཔར་བརྒྱབ་སྟེ་ཁྱེར་སོང་ལ། ཁོང་ཚོ་མཉམ་དུ་Iindian Express དང་Karnataka News སོགས་ཀྱི་གསར་འགོད་པ་བདུན་བརྒྱད་ཅིག་ལྷན་དུ་ཁྲིད་ཡོད་པ་དེ་ཚོར་གནས་ཚུལ་མཁོ་སྤྲོད་བྱས་དོན་གཙོ་བོ་ཁག་ནི། བོད་པའི་ས་གནས་ནས་རྒྱ་གར་ཡུལ་མིར་རྡུང་རྡེག་ཚབས་ཆེན་བཏང་ཡོད་ཚུལ་དང་སྦྲགས། ལོ་མང་སྔོན་ཞིག་ལ་འབྲས་བློ་གླིང་གི་ཞིང་འབྲོག་ལས་སྣེ་གྲྭ་པ་ཞིག་དང་རྒྱ་གར་བ་ཞིག་འཁྲུག་པ་ཤོར་ཏེ་རྒྱ་གར་བ་དེར་རྨས་སྐྱོན་ཤོར་ཡོད་པའི་རྨ་ཤུལ་སོགས་བསྟན་ནས་བོད་པས་རྒྱ་གར་བར་ཐུབ་ཚོད་གཏོང་གི་ཡོད་སྐོར། མོན་གྷོ་བོད་མིའི་གཞིས་ཆགས་སུ་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ངསྐྲ མེད་རིགས་སུམ་བརྒྱ་ནས་ལྔ་བརྒྱ་བར་ཡོད་སྐོར། བོད་པ་ཚོས་སྦག་སྦག་སོགས་ཆེས་གང་མང་ཉོ་བཞིན་ཡོད་པ་དེ་དག་གཞུང་ལ་སྙན་ཞུ་དང་ཆོག་མཆན་སོགས་ཞུ་ཡི་མེད་སྐོར། བོད་པས་རྒྱ་གར་དངུལ་ཁང་ལ་སྒོར་ཀར་རོ་༣༠ ལྷག་སྤྲད་མེད་སྐོར། བོད་པའི་གཞིས་ཆགས་ནང་ཁ་མཆུ་གྲངས་༣༠༠ ཙམ་ཡོད་པའི་ནང་མང་ཆེ་བ་བུད་མེད་བཙན་གཡེམ་སོགས་ཡིན་སྐོར། རྒྱ་མིའི་མྱུལ་མ་མང་པོ་ཡོད་སྐོར་སོགས་ནག་ཉེས་སྐྱོན་འཛུགས་མང་དག་ཅིག་གསར་འགོད་བརྒྱུད་ལམ་ཁག་ཏུ་བཏང་ཡོད་པ་རེད།
    བོད་པ་ས་གནས་འགོ་འཛིན་ལས་ཚབ་འཇམ་དབྱངས་ལགས་དང་ལས་བྱེད་གཡང་དཀར་གཉིས་ཀྱིས་ཁོང་ཚོར་གསལ་བཤད་དང་གནས་ཚུལ་ར་སྤྲོད་ཇི་ལྟར་བྱས་ཀྱང་དེ་ཙམ་ཉན་རོགས་བྱས་མེད་པ་རེད། དེའི་ཐད་ལ་ས་གནས་བོད་པ་མང་པོ་ཞིག་གིས་གཅིག་མཚུངས་བཤད་དོན་ལྟར་ན་རྒྱ་གར་མ་རུའུ་རྡི་ཟེར་བ་དེས་སྔར་ལོ་འགའ་ཤས་རིང་ཁོ་རང་གིས་གྲོང་གསེབ་ནང་གློག་བརྙན་སྟོན་གྱི་ཡོད་པ་མ་ཟད། ལྟ་མཁན་མང་ཆེ་བ་སྐབས་དེ་དུས་བོད་པའི་གྲྭ་པ་ཡིན་པས་རྗེས་སུ་གྲྭ་ཚང་ཁག་གིས་སྒྲིག་གཞི་ལྟར་གྲྭ་པ་སུ་གཅིག་དེར་འགྲོ་མི་ཆོག་པ་བཟོས་ཏེ་ཁོ་ལ་ཡོང་སྒོ་མེད་པ་ཆགས་ཡོད་པ་རེད་འདུག ཁོ་རང་གིས་གློག་གརྙན་ལྟ་མཁན་བཀག་འགོག་བྱས་པས། གྱོང་གུད་ཆེན་པོ་ཕོགས་ཡོད་ཚུལ་སོགས་ཤོད་ཀྱི་ཡོད་པ་དང༌། དེ་ནས་བཟུང་བོད་པའི་ཐོག་ལྟ་སྟངས་སྡུག་ཏུ་ཕྱིན་ཡོད་ཚུལ་ཤོད་མཁན་ཡང་འདུག། མོན་གྷོ་གསར་འགོད་པས།
?    ?⁽110b⁾