ཆོས་རྗེ་འཇིཌ་མེད་ཕུན་ཚོཌ་མཆོག་གི་འདས་མཆོད་ཐེངས་དྲུག་པ།
ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་པའི་འདས་མཆོད་ཐེངས་དྲུག་པ་ཟླ་འདིའི་ཚེས་༢༠ ནས་༢༣ བར་ཉིན་གསུམ་རིང་འདས་མཆོད་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ། བྱང་ཆུབ་ཤིང་དབང་གི་དྲུང་དུ། གྲྭ་བཙུན་འདུས་པ་ཆིག་སྟོང་ལྔ་བརྒྱ་ཙམ་གྱིས་འཇམ་དཔལ་མཚན་བརྗོད། བཟང་སྤྱོད་སྨོན་ལམ། བླ་མའི་རྣལ་འབྱོར་སོགས་ལ་བརྟེན་ནས་སྨོན་ལམ་རྒྱ་ཆེན་པོ་འཚོགས་ཡོད་པ་རེད།