དྲྭ་གྲོགས་ཚོ། དྲྭ་བྱང་གི་གར་སྟེགས་ལ་སླེབ་ཉིན་གཟིམ་མི་རུང༌། གླེང་མོལ་བྱེད་ཡ་་་་་་་་་་་་་་་་་

དེང་ རབས་ཀྱི་ལྟ་བ་ཁྱེར་ལ། མདུན་མཆོང་གིས་ཡང་རྩེར་བགྲོད་ཅིག གྲོང་གསེབ་ཀྱི་སྤོ་བོ་སྤོ་མོས། པུས་མོ་དང་ལག་རྒྱབ་གྲོས་ཚེ། གང་སྣང་གི་སྐད་ཆ་འཆོར་ངེས། ཤུ་རེ་ཡ་གསར་སྐྱེས་གཞོན་ནུ།

ཡང་བསྐྱར་ཅིག་སྨྲ་ན།

འཇིག་རྟེན་མི་ཡུལ་འགྲིམ་ཉིན་གཅིག་པུར་འཁྱམ།།

ཁང་ཆུང་གྲུ་བཞིའི་ནང་ན་གཅིག་པར་ཉལ།།

དུག་སྦྲང་འདྲེ་ཤིགས་གཉིས་ཀས་གཅིག་པུ་མནར།།

གཅིག་པུར་འཁྱམ་ཐང་རེ་ལ་སྐྱོ་བ་རེ།།

འོ་མ་ཤ་ཐུད་དྲན་པའི་གདུང་བ་རེ།།

གདུང་བ་རེ་རེའི་ཁ་ཆུ་བཞུར་ཐེངས་རེ།།

འབྲས་དང་རྡ་ལུའི་མནར་བའི་དུས་མཚམས་རེར།།

ཤ་སྐམ་སྤག་ལ་ཐུག་པའི་མདོག་ངན་རེ།།

ཕ་མས་རྒྱང་ནས་དུང་སེམས་ཁྱོད་ལ་འཕངས།།

ཁ་བའི་མཛའ་བརྩེ་བྱང་ནས་ལྷོ་རུ་འཕུར།།

ལྷོ་མཐའི་ཚ་བས་མདུན་ནས་བསུ་ཐང་རེ།།

ཟློག་མེད་ལས་ཀྱི་རི་མོ་བསུབ་ཐབས་བྲལ།།

ཀྱེ་མ་རི་ཆུ་མང་པོའི་ཕ་མཐའ་ནས།།

སྐད་ཆིག་སྡོད་དབང་མེད་པར་འདིར་འཁྱམ་ཉིན།།

འདི་ཞེས་གཏད་སོ་མེད་པས་ཨ་ཐང་ཆད།།

འཁོར་བའི་རང་གཤིས་ནག་པོ་སུ་ཡིས་བཀྲུ།།

ཡར་ལྟས་ཨ་སྔོན་བང་རིམ་སྔོ་ལྡེམ་ལྡེམ།།

མར་བལྟས་རྒྱ་གྲོང་ཁྲ་མོ་སྟོང་སང་ངེ།།

དགོས་པའི་ཕ་མ་རྒྱང་རིང་ཡུལ་དུ་ལུས།།

མི་དགོས་སྤྲང་འཁྱམ་ངན་པས་བཙན་གྱིས་བསྐོར།།

ཁྱོད་དང་ང་ཡི་ལས་དབང་གཉིས་སུ་གྱུར།

དེ་བས་ཀླད་པ་གསར་རྙིང་ཁ་ཁ་ཡིན།།

ང་ནི་དུས་རབས་གསར་བའི་ལམ་ལ་ཆས།།

འཇིག་རྟེན་ཡང་རྩེ་འགྲིམ་ལ་ཅིས་མི་རྩེན།།

ན་ནིང་ཟི་ལང་མཁར་གྱི་གླུ་སྒྲ་དེ།།

ད་ལོ་ཁ་རུ་གྱེར་བའི་ལད་ཟློས་མིན།།

འོན་ཀྱང་དེང་རབས་གསར་བ་འཁྲུལ་ཆེས་ནས།།

ཡོད་ཚད་ཕྱོགས་སུ་རྒྱུགས་པ་དེང་གི་གཤིས།།

ང་དང་ང་ཡི་ལས་དབང་ཕྱོགས་སུ་གྱེས།།

མཐུན་འཇུག་གྲལ་དུ་མེད་པས་སྤྲོ་ན་ཡང༌།།

དེང་གི་གསར་སྐྱེས་མི་འགྲོ་ལུང་པར་འགྲོ།།

མི་དགོས་སྲོལ་ངན་སློང་བ་བདུད་ཀྱིས་འཕྲུལ།།

དུས་རབས་རེ་ལ་སྤྱོད་པ་སོ་མ་རེ།།

བར་མཚམས་རེ་ལ་སྐད་རིགས་ཁ་ཁ་རེ།།

ལ་རྒྱའི་བ་དན་སྒྲེང་ལུགས་མི་འདྲ་རེ།།

རང་ལུགས་རང་གི་སྐྱོང་ཚུལ་ཁ་ཁ་རེ།།

ཁ་སང་དམང་མའི་ཁྲིམས་ཁ་ལྷོད་དོ་ཞེས།།

དེ་རིང་དམར་གསོད་ཁྲག་གི་རྒྱ་མཚོ་བསྐོར།།

འདི་ཞེས་བརྗོད་ཐབས་བྲལ་བའི་ཁྲིམས་ཁ་ན།།

གངས་བུས་སྲོག་རྩ་ཕྲ་བས་སྐྱོ་བ་ལ།།

ཀྱེ་མ་གངས་རིའི་སྲིང་མོའི་རིན་ཆེན་སྲོག།

རིང་མིན་ཤན་པས་གཅོད་ལ་ཤ་རེ་ཚ།།

སྡུག་གི་མུན་ནག་ཀློང་གི་སྲིང་མོ་རྣམས།།

གངས་རིའི་གཟི་འོད་སྤེལ་བའི་དཔའ་མོ་ཞིག།